ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབུལ་དགོས།༼༢༽

        2017-08-29

  

  ཁོང་གིས་ནན་གསུང་གནང་དོན། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་ཡུན་རིང་བདེ་འགོད་ཡོང་བར་དམིགས་པ་དང་། གཅིག་གྱུར་གྱིས་དམངས་འཚོ་དང་འཕེལ་རྒྱས། བརྟན་བརླིང་བཅས་དོན་ཆེན་གསུམ་དམ་འཛིན་བྱེད་ཅིང་། བརྟན་པོའི་ནང་ཡར་རྒྱས་འགྲོ་བའི་སྤྱིའི་ལས་ཀའི་ནང་དོན་སྙིང་པོ་རྒྱུན་འཁྱོངས་བྱ་རྒྱུ་དང་སེམས་རྩེ་གཅིག་གིས་འཕེལ་རྒྱས་ཡོང་བའི་ངེས་ཤུགས་སྲུང་འཛིན་བྱས་ཏེ་ཡུན་རིང་བདེ་འགོད་ཡོང་བའི་དངོས་པོའི་རྨང་གཞི་སྲ་བརྟན་གཏོང་བ་དང་། མི་དམངས་གཙོ་བོར་བཟུང་བའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཡུན་རིང་བདེ་འགོད་ཡོང་བའི་དམངས་སེམས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ། བསམ་བློའི་སློབ་གསོ་དང་ཆབ་སྲིད་སྣེ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ནས་ཡུན་རིང་བདེ་འགོད་ཡོང་བའི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་བ་དང་། ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཡུན་རིང་བདེ་འགོད་ཡོང་བའི་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་གཏོང་བ། ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་དང་འགོ་ཁྲིད་ཚན་ཁག ལས་བྱེད་པའི་དཔུང་སྡེ་བཅས་འཛུགས་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་ནས་ཡུན་རིང་བདེ་འགོད་ཡོང་བའི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་གཏང་དགོས།

   ལིའུ་ཁྲེང་མིང་གིས་བསྟན་དོན། དུས་བབ་ལ་ངོས་འཛིན་གདིང་ཟབ་མོ་བྱེད་ཅིང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཤིང་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་བ་བརྒྱུད་ནས་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་ཡུན་རིང་བདེ་འགོད་ཡོང་བར་བྱ་དགོས། དེང་སྐབས་སུ་རང་ཁུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གལ་ཆེ་བའི་འཐབ་ཇུས་ཀྱི་གོ་སྐབས་དུས་རིམ་དང་ཁྱོན་ཡོངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགག་སྒྲོལ་དང་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དང་འཕྲད་ཡོད་ཅིང་། ཁྲིམས་སྐྱོང་གི་སྒྲིག་ལམ་བཟང་པོ་འཛུགས་སྐྱོང་བྱེད་པ་དང་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་དུས་རིམ་དུ་གནས་ཡོད་པ་དང་།   དབུལ་ཐར་འགག་སྒྲོལ་གྱི་དཀའ་གནད་སེལ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དུ་གནས་ཡོད་ལ།   བསམ་བློའི་འདུ་ཤེས་བསྒྱུར་བ་དང་། གོམས་གཤིས་ཡག་པོ་དང་དར་སྲོལ་ཡག་པོ་ཆགས་ཤུགས་སྲ་བརྟན་དུ་གཏོང་བའི་དུས་རིམ་དུ་ཡང་གནས་ཡོད་པར་མ་ཟད།   བཅོས་སྐྱོང་བྱེད་ནུས་དང་གཞི་རིམ་གྱི་རྨང་གཞི་སྲ་བརྟན་གཏོང་ཤུགས་ཇེ་ཆེར་གཏོང་བའི་དུས་རིམ་དུ་ཡང་གནས་ཡོད།  འཕེལ་རྒྱས་གཏོང་བའི་རྨང་གཞི་དང་གོ་སྐབས་ལ་འཕོ་འགྱུར་ཆེན་མོ་བྱུང་ཡོད་པར་ངོས་འཛིན་གང་ལེགས་བྱེད་ཅིང་། རང་ཉིད་ཀྱིས་བསགས་པའི་གལ་ཆེ་བའི་སྒུལ་ནུས་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གསལ་པོར་མཐོང་དགོས། མིག་རྒྱང་སི་ཁྲོན་དང་ཐ་ན་རྒྱལ་ཡོངས་ལ་ཕྱོགས་ཏེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ་བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཡོད་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་ཏུ་བསྐྱོད་གང་ཐུབ་བྱ་དགོས། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པའི་ཐད་དུས་ཡུན་རིང་པོར་བོད་སྐྱོར་གྱི་བསམ་བློ་བརྟན་པོར་འཛིན་དགོས་པ་དང་། མ་སྐུལ་དང་བླངས་ཀྱིས་འགན་ཁུར་བ་དང་། བྱ་བ་ཐམས་ཅད་གཅིག་གིས་གཅིག་ལ་འཕེན་རེས་མི་བྱེད་པ།   སྐབས་ཤིག་དང་དོན་དག་ཅིག་གི་རྐྱེན་གྱིས་གཏན་འཁེལ་བྱས་པའི་འཆར་འགོད་ལ་གཡོ་འགུལ་མི་བྱེད་པ།   ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་བ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་གལ་ཆེ་བའི་གཞི་འཛིན་ས་བྱ་དགོས་པ་དང་།   འཕེལ་རྒྱས་དང་དམངས་འཚོ་བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་བསྡོམས་བྱས་ཏེ་ཡག་པོ་འཛིན་པའི་གལ་ཆེ་བའི་གཞི་སྟེགས་བྱ་དགོས།  ཡུན་རིང་བདེ་འགོད་ཀྱི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་གལ་ཆེ་བའི་བྱེད་ཐབས་བྱ་དགོས།  དམིགས་འབེན་གྱི་ཁྲིད་ཕྱོགས་གསལ་པོར་བྱེད་པའི་ཐད་ཞིང་ཆེན་ཏང་ཨུའི་དམིགས་འདུན་གཅིག་དང་།  མཆོང་བརྒལ་གཉིས།  འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཆེན་པོ་གསུམ་གྱི་སྤྱི་ཁོག་གི་ཇུས་འགོད་ལ་དམིགས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་འབེན་ལ་དམ་པོར་དམིགས་དགོས་པ་དང་།  ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་གཏོང་བ།  མཛེས་སྡུག་དར་རྒྱས་དང་འཆམ་མཐུན་གྱི་སི་ཁྲོན་བསྐྲུན་པ་དང་མཛེས་སྡུག་སྐྱེ་ཁམས་དང་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་པར་གཅིག་གྱུར་དམ་ཟབ་ཡོང་གང་ཐུབ་བྱས་ཏེ་བརྗིད་ཆགས་དམིགས་ཡུལ་དེ་བདེ་སྐྱིད་ཀྱི་འཚོ་བར་བསྒྱུར་དགོས།  ལས་ཀར་གཅིག་གྱུར་སྐུལ་འདེད་གཏོང་བའི་ཐད་དོན་ཆེན་གསུམ་མཉམ་དུ་འཛིན་པ་དང་།  འཐབ་ཕྱོགས་ལྔ་ཡིས་ནུས་ཤུགས་མཉམ་འདོན་དང་།  རྨང་གཞི་ཆེན་པོ་ལྔ་མཉམ་དུ་སྲ་བརྟན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཡོངས་ཀྱི་གོང་འོག་ཀུན་ཏུ་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་བའི་བརྒྱུད་རིམ་དེ་རྒྱ་ཆེ་བའི་མང་ཚོགས་ལ་ཡོངས་ཁྱབ་ཏུ་ཁེ་ཕན་ཐོགས་པའི་གོ་རིམ་དུ་བསྒྱུར་དགོས་པ་དང་།  འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་པོ་དང་དེ་བས་དྲང་གཞག་གི་སྒོ་ནས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་སུ་བཅུག་སྟེ་ཐུན་མོང་དུ་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་དང་ཡུན་རིང་བདེ་འགོད་ཡོང་བར་ངར་ཤུགས་སློང་ཞིང་ནུས་ཤུགས་འདོན་དགོས་སོ།།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དམིགས་འབེན་ལས་འགན་ཁོང་དུ་ཡང་དག་པར་ཆུད་པ་དང་གཅིག་གྱུར་འཆར་འགོད་བྱས་ཏེ་ལས་ཀ་ཁག་ལ་སྐུལ་འདེད་གཏོང་ཞིང་། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་དངོས་ཡོད་གྲུབ་འབྲས་ཀྱིས་སི་ཁྲོན་བཅོས་སྐྱོང་དར་སྤེལ་གཏོང་བའི་བྱ་གཞག་ཆེན་པོར་དཀར་མཛེས་ཁུལ་གྱི་ནུས་ཤུགས་འབུལ་དགོས།  ཁོང་གིས་བསྟན་དོན། 2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ང་ཚོས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི116ལ་བཞག་པའི་ཁས་ལེན་དམ་བཅའ་ཡིན་པར་མ་ཟད། ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་རེ་སྒུག་ཡིན་པ་རེད། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་ལ་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་ཅིང་ནུས་ཤུགས་ཡོད་དགུས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་ཞིང་རྒྱུན་ཆད་མེད་པར་ལས་ཀ་ཁག་གི་རྣམ་པ་གསར་པ་བཏོད་དེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་འདེགས་སྐྱོར་ནུས་ལྡན་འདོན་དགོས། གཅིག་ནི་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་གཏོང་བར་སེམས་རྩེ་གཅིག་གིས་དོ་ཁུར་བྱེད་ཅིང་ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་གཏོང་བ་དེ་ལས་དོན་དང་པོར་གཞག་པ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་ཟབ་ཏུ་གཏང་དགོས། མ་དངུལ་འཇོག་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་རེས་གསར་པའི་འགྲིམ་འགྲུལ་འགག་སྒྲོལ་ཟབ་སྤེལ་བྱེད་པ་དང་། ཉེན་མེད་སྟབས་བདེ་དང་ཕྱོགས་བཞི་མཚམས་བརྒྱད་ལ་ཐར་བའི་བདེ་བགྲོད་ཀྱི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། ཐོན་ལས་ཀྱིས་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བས་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་ཡུལ་སྐོར་ལས་རིགས་དེ་དམངས་ཕྱུག་ཡོང་འཕར་གྱི་ཐོན་ལས་གཙོ་བོར་བཟོ་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། ས་གནས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྟེན་གཞི་འཛུགས་ཤིང་ཟོང་རྟགས་བསྐྲུན་པ་དང་ལས་སྣོན་བཅས་བྱས་ཏེ་ཡུག་འབྲེལ་དང་རྒྱུད་འབྲེལ་བའི་སྒོ་ནས་མཐོ་སྒང་གི་སྐྱེ་ལྡན་ཞིང་ལས་ཁྱད་རྫས་འཕེལ་རྒྱས་གཏང་དགོས། སྒོ་འབྱེད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་ཕྱོགས་ཡོངས་ནས་ཚོང་དང་མ་རྩ་ནང་འགུགས་བྱས་ཏེ་རྒྱུན་ཆད་མེད་པར་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏང་དགོས། གཉིས་ནི་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུར་སེམས་རྩེ་གཅིག་གིས་དོ་ཁུར་བྱེད་ཅིང་ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་དམངས་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་ཀྱིས་ཁྲིད་ཕྱོགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཀ་ཞིབ་ཕྲ་ལས་པ། གནད་འགག་ཐུག་སའི་ལས་ཀ་ཞིབ་མོར་བསྒྲུབས་ཏེ་སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་བྱ་ཐུབ་དགོས། དབུལ་ཐར་གྱི་ཆ་རྐྱེན་ལེགས་བཅོས་ཧུར་ཐག་བྱས་ཏེ་དབུལ་ཕོངས་མང་ཚོགས་དངོས་གནས་དྲང་གནས་ཨར་འདམ་གྱི་གཞུང་ལམ་ཐོག་འགྲོ་ཐུབ་པ་དང་ཆུ་གཙང་མ་འཐུང་ཐུབ་པ། གློག་བརྟན་པོ་སྤྱད་རྒྱུ་ཡོད་པ། འབྲེལ་དྲ་སྦྲེལ་ཡོད་པ། ཉེན་མེད་ཀྱི་སྡོད་ཁང་ནང་དུ་བསྡད་ཐུབ་པ་བཅས་བྱ་དགོས། སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ཏེ་དབུལ་ཕོངས་མི་རབས་བརྒྱུད་ནས་བྱུང་བའི་གནས་ཚུལ་གྱི་རྒྱུན་བཅད་ཅིང་ནད་ཕོག་པའི་རྐྱེན་གྱིས་ཡང་བསྐྱར་དབུལ་ཕོངས་སུ་གྱུར་པའི་གནས་ཚུལ་བཀག་འགོག་གོ་ཆོད་པོ་བྱ་དགོས། དམངས་ཕྱུག་ཐོན་ལས་སྐུལ་འདེད་ཧུར་ཐག་གཏོང་ཞིང་ཡུལ་སྐོར་རྒྱས་པ་དང་སྐྱེ་ཁམས་རྒྱས་པ། མཁའ་འགྲུལ་རྒྱས་པ། གློག་རྡུལ་རྒྱས་པ་སོགས་ཀྱི་ལས་རྣམ་གསར་པར་སྐུལ་འདེད་ཧུར་ཐག་གཏང་དགོས། ལས་ཞུགས་དབུལ་སྐྱོར་ཧུར་ཐག་བྱས་ཏེ་ལས་ཞུགས་མི་གཅིག་བྱས་ན་དབུལ་ཕོངས་དུད་ཚང་གཅིག་དབུལ་ཐར་ཡོང་བའི་དམིགས་འབེན་འགྲུབ་གང་ཐུབ་བྱ་དགོས།  སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་དགོན་པའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་སྲུང་ལས་ཀ་མཐུན་སྦྱོར་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ལམ་བུ་ཁྲོད་དུ་རྗེས་སུ་མི་ལུས་པར་བྱ་དགོས། གསུམ་ནི་ཐོག་མཐའ་བར་གསུམ་དུ་བསམ་བློས་སྐུལ་ཁྲིད་བྱ་རྒྱུར་སེམས་རྩེ་གཅིག་གིས་དོ་ཁུར་བྱེད་ཅིང་ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏང་དགོས། རིན་ཐང་ལྟ་བར་རེ་སྙེག་བྱེད་ཤུགས་ཇེ་ཆེར་བཏང་སྟེ་སྔར་ལྷག་གིས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་མང་ཚོགས་དང་དགོན་པའི་གྲྭ་བཙུན་བཅས་ཀྱི་དྲིན་དྲན་འདུ་ཤེས་དང་རྒྱལ་གཅེས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས། མཐུན་སྒྲིལ་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏང་དགོས། གླེང་ཕྱོགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཚོགས་ཁག་བགོས་ནས་བསམ་བློ་རིགས་གཞུང་དང་དུས་བབ་སྲིད་ཇུས། རྒྱལ་གཅེས་དྲན་གཟོ། ཀུན་སྤྱོད་དང་ཁྲིམས་ལུགས་བཅས་ཀྱི་སློབ་གསོ་བྱ་དགོས། རིག་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏང་དགོས། བཞི་ནི་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་ཁུལ་སྐྱོང་བྱ་རྒྱུར་སེམས་རྩེ་གཅིག་གིས་དོ་ཁུར་བྱེད་ཅིང་ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཁྲིམས་ལྟར་བོད་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་ཁྲིམས་སྐྱོང་གི་སྒྲིག་ལམ་བཟང་པོ་ཧུར་ཐག་གིས་བཙུགས་ཏེ་བོད་ཁུལ་གྱི་ལས་དོན་ཐམས་ཅད་ཁྲིམས་སྐྱོང་ཅན་གྱི་འགྲོ་ལམ་དུ་བཙུད་ཐུབ་པར་བྱ་དགོས། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཟབ་སྤེལ་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་མང་ཚོགས་ཀྱི་སེམས་སུ་འཇགས་ཐུབ་པར་བྱ་དགོས། ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ལས་ཀ་ཟབ་སྤེལ་བྱས་ཏེ་ནུས་ཤུགས་ཡོད་དགུས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོང་བྱ་དགོས། བོད་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་རྣམ་ཅན་དུ་བཏང་སྟེ་རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བྱ་དགོས། ཁྲིམས་ལྟར་ཆོས་ལུགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱ་དགོས། ལྔ་ནི་ཐོག་མཐའ་བར་གསུམ་དུ་ཏང་ནན་པོས་བསྐྱང་རྒྱུར་སེམས་རྩེ་གཅིག་གིས་དོ་ཁུར་བྱེད་ཅིང་ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་པོ་དང་ནུས་ཤུགས་གཅིག་འགྲིལ་ཡོང་བར་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཡུན་རིང་བདེ་འགོད་ཡོང་བར་རྩ་འཛུགས་ཀྱི་འགན་སྲུང་བྱ་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་དངོས་གནས་དྲང་གནས་འདུ་ཤེས་བཞི་དེ་བསམ་བློའི་རང་རྟོགས་དང་ཏང་གཤིས་ཀྱི་འདུ་ཤེས། སྒྲིག་ལམ་གྱི་བླང་བྱ། དངོས་ཡོད་བྱ་སྤྱོད་བཅས་ཀྱི་ཐོག་ལ་བསྒྱུར་ཐུབ་པ་སྣེ་ཁྲིད་བྱ་དགོས། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ཤུགས། འབོད་སྐུལ་བྱེད་ཤུགས་བཅས་ཇེ་ཆེར་གཏང་དགོས། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ལས་བྱེད་བཟང་པོའི་ཚད་གཞི་དང་ཞིང་ཆེན་ཏང་ཨུའི་གལ་ཆེ་ས་བསྐོ་བ་གསུམ་དང་སྤྱོད་ཆོག་པ་ལྔ་དང་སྤྱོད་མི་ཆོག་པ་ལྔ་བཅས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ལས་ཡུལ་བཞིར་ཡོད་པའི་ལས་བྱེད་པ་འདེམས་གསོ་བྱ་རྒྱུ་མངོན་གསལ་བྱེད་ཅིང་། དྲང་ཕྱོགས་ཀྱི་བརྩོན་བསྐུལ་ནང་སྲོལ་དང་ལས་བྱེད་པ་འགན་སྒྲུབ་རྗེས་ལུས་ཕྱི་འབུད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པའི་དཔུང་སྡེའི་སྟོབས་ཤུགས་ཇེ་ཆེར་གཏང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་ཡང་མོའི་རིགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་རྒྱུན་ཆད་མེད་པར་དཀར་མཛེས་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་སྲ་བརྟན་ཡོང་བར་བྱ་དགོས།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། སྒྲིག་སྲོལ་དང་ནང་སྲོལ་གྱི་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་ནས་མ་བསྐུལ་དང་བླངས་ཀྱིས་འགན་འཁྲི་འཁུར་ཞིང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་གྱིས་ལས་ཀ་དོན་ཐོག་ཧུར་ཐག་འཁྱོལ་བར་བྱ་དགོས། ཁོང་གིས་བསྟན་དོན། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀའི་ཁྱབ་རྒྱ་ཆེ་ཞིང་ལས་ཚད་ཆེ་བ་དང་། རྒྱུད་རིམ་རང་བཞིན་ཆེ་བས་འབྲེལ་ཡོད་ཀྱི་ལམ་ལུགས་ནང་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་བ་ནི་ལས་ཀ་གོ་རིམ་དང་སྒྲིག་ལམ་ཡོད་པས་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡིན། གཅིག་ནི་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་དང་སྡེ་ཁག་གིས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། མ་བསྐུལ་དང་བླངས་ཀྱིས་མཐོ་རིམ་ཇུས་འགོད་ཡག་པོ་བྱས་ཏེ་རྩ་འཛུགས་དང་གཅིག་གྱུར་འཆར་འགོད། མཐུན་སྦྱོར་བཅས་ཀྱི་ཐད་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀ་དང་ཀུན་ནས་འཕྲོད་ཐུབ་པ་ཁག་ཐེག་བྱེད་ཅིང་། ཏང་ཨུས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་ཏང་སྲིད་ཀྱིས་མཉམ་འཛིན་སྤྱི་སྒྲུབ་བྱེད་པ། སྡེ་ཚན་གྱི་མཉམ་འབྲེལ་གཞོགས་འདེགས་བྱས་པའི་རྩ་འཛུགས་ཀྱི་འགོ་ཁྲིད་མ་ལག་ཆགས་པར་བྱ་དགོས། གཉིས་ནི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་དང་སྡེ་ཁག་གིས་དུས་ཚོད་དམ་འཛིན་བྱས་ནས་ལས་ཀའི་འཆར་འགོད་བཟོ་བ་དང་རིམ་པ་བཞིན་ལས་འགན་བགོས་པ་དང་གཅིག་གིས་གཅིག་ལ་གནོན་ཤུགས་བསྣན་དགོས། ཏང་སྲིད་ཀྱི་འགན་ཁུར་མཁན་གཙོ་བོའི་བློ་མཐུན་གྱིས་འགན་འཁྲི་མི་སྣ་དང་པོའི་འགན་འཁུར་དགོས་པ་དང་། འགན་འཁྲི་ཡོད་པའི་འགོ་ཁྲིད་ཁག་གིས་འགན་འཁྲི་ལེགས་སྒྲུབ་བྱ་དགོས། སྣེ་ཁྲིད་ལས་ཁུངས་ཀྱིས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དམ་འཛིན་བྱེད་ཅིང་། འགན་འཁྲི་ལས་ཁུངས་ཀྱིས་མཉམ་ལས་གཞོགས་འདེགས་བཅས་བྱས་ཏེ་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་དང་རིམ་པ་སོ་སོས་ལས་ཀ་དོན་ཐོག་འཁྱོལ་བའི་འགན་འཁྲིའི་མ་ལག་ཆགས་པར་བྱ་དགོས། གསུམ་ནི་ལྟ་སྐུལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏང་དགོས། ལས་གཞི་གཙོ་བོ་དང་ལས་ཀ་གཙོ་བོ། ལས་འགན་གལ་ཆེན་བཅས་ལ་དམིགས་ནས་ཞིབ་དཔྱད་བྱེད་ཐབས་གཏན་འབེབས་བྱས་ཏེ་ལྟ་སྐུལ་ཞིབ་དཔྱད་ཀྱིས་བསམ་པའི་ངར་ཤུགས་སློང་བ་དང་ལས་ཀ་གཙོ་བོར་དམིགས་སོ་གཏད་པ། ལས་ཀ་ཕྱིར་འདེད་བྱས་ནས་དོན་འཁྱོལ་བྱེད་པ། ལས་ཀར་སྐུལ་འདེད་བཅས་གཏང་དགོས། བཞི་ནི་འགན་འདྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྩ་འཛུགས་སྡེ་ཚན་གྱིས་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བའི་ལས་ཀའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འགན་འདྲི་བདའ་འདེད་ལམ་ལུགས་བཙུགས་ཏེ་འགན་འདྲི་བདའ་འདེད་བྱེད་ཤུགས་ཇེ་ཆེར་གཏང་དགོས།

 


  • ལེ་ཚན་སྔོན་མ།:ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབ
  • ལེ་ཚན་རྗེས་མ།:ནུས་ཤུགས་ཡོད་དགུས་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་བཏང་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འབ
  • དོ་སྣང་ཆེ་བའི་རྩོམ།