ལྷ་འཛོམས་ཀྱིས་བསྒྱུར། 2017-08-28
ཟླ་བ8པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ཏེ་ཁུལ་ཨུའི་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་བ7པའི་ཚེས26ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གྲོས་བསྡུར་ཚོགས་འདུ་འཚོགས་ཏེ་ཆེད་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་རེད།
གྲོས་ཚོགས་ཐོག་ཀྲུང་དབྱང་དྲིལ་བསྒྲགས་པུའུའི་རྒྱལ་ཡོངས་དྲིལ་བསྒྲགས་ལས་བྱེད་པའི་སློབ་གླིང་སློབ་གསོ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཆིང་ཆང་གིས་ཆེད་འཁྲིད་གནང་བ་རེད། ཆིང་ཆང་གིས་ནང་དོན་གཙོ་བོ་དང་རྩ་བའི་བླང་བྱ། དོན་སྙིང་གལ་ཆེན་བཅས་ཕྱོགས་གསུམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་བ7པའི་ཚེས26ཉིན་གྱི་གསུངས་བཤད་གལ་ཆེན་ལ་གསལ་བཤད་ཞིབ་ཕྲ་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བཅས་གྲོས་ཚོགས་ནང་ཞུགས་ཡོད།
ལིའུ་ཁྲེང་མིང་གིས་སློབ་སྦྱོང་བྱེད་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་བ7པའི་ཚེས26ཉིན་གྱི་གསུང་བཤད་གལ་ཆེན་དེའི་ནང་དོན་ཟབ་ལ་མཁྱེན་དཔྱོད་ཟབ་ཅིང་ཡངས་པས། དེའི་ནང་རང་རེའི་ཏང་གི་ལོ་རྒྱུས་གསར་པའི་འོག་དར་ཆ་གང་བསྒྲེང་དགོས་པ་དང་། ལམ་བུ་གང་ལ་འགྲོ་དགོས་པ། བསམ་བློའི་འཁྱེར་ཕྱོགས་གང་འདྲ་བྱས་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དགོས་པ་དང་འབད་འཐབ་དམིགས་འབེན་ཅི་འདྲ་ཞིག་འགྲུབ་པ་བྱ་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་བཏབ་ཡོད་ལ། བསམ་བློ་གལ་ཆེན་གསར་པ་དང་ལྟ་བ་གསར་པ། གལ་ཆེ་བའི་བྱ་ཐབས་གསར་པ་བཅས་རབ་དང་རིམ་པའང་བཏོན་ཡོད། དེ་ལས་རང་རེའི་ཏང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པའི་ཡིས་ཆེད་བརྟན་པོ་དང་ངེས་ཤུགས་སྟོབས་ཆེན་སྟོན་ཡོད། དེར་བསམ་བློ་རང་བཞིན་དང་འཐབ་ཇུས་རང་བཞིན། སྔོན་བཀོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་ལྡན་ཞིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གསུང་བཤད་དགོངས་དོན་གྱི་གལ་ཆེ་བའི་ཆབ་སྲིད་དོན་སྙིང་དང་རིགས་གཞུང་དོན་སྙིང་། ལག་ལེན་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་འཐབ་ཇུས་ཁག་བཀོད་སྒྲིག་དང་དོན་འཁྱོལ་བྱ་རྒྱུ་ལེགས་འཛིན་བྱ་དགོས།
ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གསུང་བཤད་དགོངས་དོན་གྱི་ངོ་བོར་འཕྱུགས་མེད་ཁོང་དུ་ཆུད་པར་བྱས་ཏེ་ལས་ཀ་ཁག་ཡག་མོ་བསྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཏན་ཏིག་བསྣན་དགོས། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏན་ཏིག་གིས་གསུང་བཤད་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་དངོས་ལ་ཁྲིད་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། མཐའ་གཅིག་ཏུ་གསུང་བཤད་དགོངས་དོན་གྱི་སྤྱི་འདོམས་བྱས་ནས་ལས་ཀ་ཁག་དོན་ཐོག་འཁྱོལ་བར་ལེགས་འཛིན་ཏན་ཏིག་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10