ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར།

པད་མ་སངས་རྒྱས་ཀྱིས་བསྒྱུར།        2017-08-10

ཉེ་ཆར། སྨྱུག་འཛིན་པས་དཀར་མཛེས་རྫོང་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ས་ཁོངས་ཧྲིལ་པོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཆེད།  རྫོང་དེས་གེ་སར་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཐུན་མོང་དཔལ་འབྱོར་གསོ་སྤེལ་བྱེད་པ་དང་ཕན་ཚུན་རོགས་རེས་ཀྱི་བྱེད་སྟངས་ལྟར། མ་དངུལ་སྒོར་དུང་ཕྱུར3 བཏང་ནས་དཀར་མཛེས་རྫོང་གི་དབུལ་ཕོངས་གྲོང་ཚོར་ས་ཁོངས་བརྒལ་བའི་ཐུན་མོང་དཔལ་འབྱོར་གྱི་དངོས་གཞི་སྟེ་གེ་སར་རིག་གནས་གྲོང་ཁྱེར་དང་གྲོང་སྡེ་བརྒྱ་ཡི་ཐོན་ལས་རྟེན་གཞི་གསར་སྐྲུན་བྱ་རྒྱུ་རེད།

ལས་གཞི་དེའི་བསྐྲུན་ཡུལ་དཀར་མཛེས་རྫོང་གྲོང་གི་ཤར་ལྷོའི་རྒྱུད་དུ་བདམས་པ་དང་། གཞི་ཁྱོན་མུའུ97ཡོད། དཀར་མཛེས་ཁུལ་བྱང་རྒྱུད་དུ་རྒྱལ་སྲུང་གཞུང་ལམ317པའི་ལམ་རྒྱུད་དང་འབྲེལ་ཞིང་། ལྷོ་རྒྱུད་དུ་ཉག་ཆུ་དང་འབྲེལ་ནས་རྒྱལ་སྲུང་གཞུང་ལམ317པའི་ལམ་རྒྱུད་ནས་དཀར་མཛེས་གེ་སར་གནམ་གྲུ་ཐང་བར་ཧ་ལམ་སྤྱི་ལེ45བརྒྱུད་དགོས་ཀྱི་ཡོད། གེ་སར་རིག་གནས་གྲོང་ཁྱེར་དང་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞི་དེ་གེ་སར་རིག་གནས་ས་ཁུལ་དང་། འདམ་རའི་སྤྲོ་གསེང་ཁུལ། རྩྭ་ཐང་ཉམས་ཞིབ་ཁུལ་བཅས་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བྱེད་འཚམ་པ་དང་། སྤྲོ་གསེང་བྱེད་འཚམ་པ། ལས་ལམ་གསར་གཏོད་བྱེད་འཚམ་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཐུབ་རེ་ཡོད་པ་རེད། མིག་སྔར། ལས་གཞི་དེ《གེ་སར་རིག་གནས་གྲོང་ཁྱེར་དང་གྲོང་ཚོ་བརྒྱ་ཡི་ཐོན་ལས་རྟེན་གཞིའི་གསར་སྐྲུན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ》དང《གེ་སར་རིག་གནས་གྲོང་ཁྱེར་དང་གྲོང་སྡེ་བརྒྱ་ཡི་ཐོན་ལས་རྟེན་གཞི་བཟོ་སྐྲུན་འཆར་གཞིའི་ཇུས་འགོད》བཟོ་འགོད་བྱེད་པའི་ལས་ཀ་དེ་ལས་འགོ་བརྩམས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེ་བོད་ཀྱི་རིག་གནས་དང་དེང་རབས་དཔལ་ཡོན་མཉམ་འདྲེས་བྱས་པའི་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་གྲུབ་ཆ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡོང་བའི་ཐོན་ལས་གསུམ་པོ་མཉམ་འགུལ་བྱ་ཡུལ། མཛེས་སྡུག་ཡིད་དབང་འཕྲོག་པའི་རིག་གནས་མྱོང་གཞི་ཁུལ། མངོན་མེད་ནུས་ཤུགས་མངོན་པའི་ཡུལ་སྐོར་ཐོན་ལས་ཁུལ། འགུལ་ཤུགས་ལྡན་པའི་རིག་གནས་གསར་གཏོད་ཁུལ། གསོན་ཉམས་ལྡན་པའི་སྡོད་གནས་དང་ལས་ལམ་གསར་གཏོད་བྱེད་འཕྲོད་ཁུལ། ཁམས་པའི་ས་ཁོངས་ཡོངས་སུ་ཡུལ་སྐོར་བྱེད་པའི་ལྗོངས་ཁུལ་དང་མི་མང་འཛོམས་སར་འགྱུར་འགྲོ་རྒྱུ་རེད། བསྐྲུན་ཟིན་རྗེས་བཟའ་བཏུང་དང་འགྲུལ་ཁང་བདག་གཉེར་བྱེད་པ་དང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་པ་སོགས་བརྒྱུད་ནས་དབུལ་ཕོངས་མི་སྣ་ལས་ཞུགས་ཀྱི་དཀའ་གནད་སེལ་ཐུབ་པ་དང་དབུལ་ཕོངས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཡོང་བར་ནུས་ཤུགས་སྣོན་ཐུབ་ངེས་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་ལ་ཉེ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་སྐུལ་འདེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།