ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་ལ་ཉེ།

        2017-08-10

སྤྱི་ཟླ8པའི་ཚེས9ཉིན་ནས་བཟུང་། ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་གྲབས་ཡོད་པ་རེད། ཚོགས་ཆེན་གྱི་གྲོས་རིམ་ལ་གཞིགས་ན། ཚེས9ནས11ཉིན་གྱི་བར་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་བྱས་ཏེ་དར་མདོ་གྲོང་ཁྱེར་དང་ཉག་ཆུ་རྫོང་། ལི་ཐང་རྫོང་། འདབ་པ་རྫོང་བཅས་སུ་ཡུལ་དངོས་རྟོག་ཞིབ་བྱ་རྒྱུ་ཡིན་པར་མ་ཟད། ཚེས11ཉིན་གྱི་ཕྱི་དྲོར་འདབ་པ་རྫོང་དུ་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་རྒྱུ་ཡིན་ཞིང་། རང་ཁུལ་གྱིས་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་བཏང་ཚུལ་གྱི་གནས་ཚུལ་ཁྱབ་བསྒྲགས་བྱ་རྒྱུ་དང་སླད་ཕྱིན་གྱི་ལས་ཀར་བཀོད་སྒྲིག་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལེགས་སུ་ཕྱིན།
  • ལེ་ཚན་རྗེས་མ།:ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར།
  • དོ་སྣང་ཆེ་བའི་རྩོམ།