འབའ་ཐང་རྫོང་གིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་སྐུལ་འདེད་ཤུགས་ཆེ་རུ་བཏང་།

        2017-08-10

ཆུ་བོར་དག་བཅོས་བྱེད་པའི་ལས་ཀ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཟང་པོ་གསར་སྐྲུན་བྱེད་ཆེད། འབའ་ཐང་རྫོང་གིས་ཆུ་ལམ་བཅོས་སྐྱོང་བྱེད་པའི་ལས་ཀའི་འགན་འཁྲི་ལམ་ལུགས་དང་འགན་འདྲིའི་ནང་རྐྱེན་འཐུས་ཚང་བཏང་བ་དང་། བྱེད་ཐབས་སྣ་མང་གིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་དོན་འཁྱོལ་ཡག་པོ་བྱས་པ་རེད།

རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་། རྫོང་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་གི་གྲོས་ཚོགས་འཚོགས་ཤིང་། ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་འགོ་ཁྲིད་ཚོ་ཆུང་དང་ལས་སྒྲུབ་ཁང་བཙུགས་ནས། 《འབའ་ཐང་རྫོང་གི་ཁྱོན་ཡོངས་སུ་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པའི་ལས་ཀའི་འཆར་འགོད》གཏན་འབེབས་བྱས་པ་དང་། ལས་ཀའི་འགན་འཁྲི་གསལ་པོར་བྱས་ཤིང་། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་དང་ཆུ་བོའི་འགྲམ་རྒྱུད་ཀྱི་དོ་དམ་སྲུང་སྐྱོང་། ཆུའི་སྦགས་བཙོག་འགོག་བཅོས་བྱེད་པ་སོགས་ཀྱི་ལས་འགན་ཞིབ་ཕྲ་དབྱེ་ནས། ཆུ་དཔོན་ལམ་ལུགས་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་བྱས།  རྫོང་དང་། ཤང་། གྲོང་སྡེ་རིམ་པ་གསུམ་གྱི་ཆུ་དཔོན་མ་ལག་འཛུགས་གཉེར་བྱས་ནས། རྫོང་ཡོངས་ཀྱི་ཆུ་བོའི་འབབ་རྒྱུད48ཀྱི་གཞི་ཁྱོན་སྨི་སྤྱི་ལེ་གྲུ་བཞི་མ50ཡན་གྱི་འབབ་རྒྱུད་དང་ཆུ་བོ་ཆེ་ཤོས་སུ་རྫོང་རིམ་པའི་ཆུ་དཔོན་མི9དང་། ཤང་དང་གྲོང་རྡལ་ཕྱོགས་ཀྱི་ཆུ་བོའི་ཆུ་དཔོན46 གྲོང་སྡེ་རིན་པའི་ཆུ་བོའི་ཆུ་དཔོན159བཀོད་སྒྲིག་བྱས་ནས། ལས་གཞི་སོ་སོ་དང་ཞིབ་ཚགས་ཀྱི་ལས་ཀ་སོ་སོར་ཇུས་གཏོགས་བྱེད་པ་དང་འགན་ཁུར་མཁན་ཡོད་པར་ཁག་ཐེག་བྱས་པ་དང་ཆབས་ཅིག   དྲིལ་བསྒྲགས་ལས་ཀའི་ཚོ་ཆུང་བཙུགས་ནས་ཤང་དང་གྲོང་རྡལ། ཡུལ་ཚོར་ཕྱིན་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་པར་རིས་དང་ཤོག་བྱང་བཀྲམ་ནས། མང་ཚོགས་ཀྱི་ངོས་འཛིན་ཇེ་དྲག་ཏུ་འགྲོ་ཐུབ་པ་དང་ཆུ་བོའི་སྦགས་བཙོག་གི་བཅོས་སྐྱོང་ལས་ཀའི་ནང་ཞུགས་གང་ཐུབ་བྱ་རྒྱུ་ཁྲིད་སྟོན་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར།
  • ལེ་ཚན་རྗེས་མ།:ཝང་ཏུང་མིང་གིས་བཀོད་འདོམས་པུའུ་ཡི་ཐེངས་དང་པོའི་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།