ཁུལ་ཡོངས་ཀྱི་ཆོས་ལུགས་མཐུན་འགྲིག་དང་ཆོས་དོན་ལམ་འགྲོ། དགོན་པ་འཆམ་མཐུན་ཡོང་ཆེད་བྱས་རྗེས་གསར་པ་གཞག་དགོས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2017-07-18

ཁུལ་ཡོངས་ཀྱི་ཆོས་ལུགས་མཐུན་འགྲིག་དང་ཆོས་དོན་ལམ་འགྲོ། དགོན་པ་འཆམ་མཐུན་ཡོང་ཆེད་བྱས་རྗེས་གསར་པ་གཞག་དགོས།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།  

སྤྱི་ཟླ7པའི་ཚེས18ཉིན། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བ་རེད།

ཁུལ་ཡོངས་ཀྱི་ཆོས་ལུགས་མཐུན་འགྲིག་དང་ཆོས་དོན་ལམ་འགྲོ། དགོན་པ་འཆམ་མཐུན་ཡོང་ཆེད་བྱས་རྗེས་གསར་པ་གཞག་དགོས།
ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པའི་ཚུལ།

   ལིའུ་ཁྲེང་མིང་གིས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་འཐུས་མི་ཚོགས་ཆེན་འཚོགས་པ་ནས་བཟུང་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་སློབ་གསོ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཞིང་འཆམ་མཐུན་གྱི་འདུ་ཤེས་དར་སྤེལ་བཏང་བས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་འདུ་ཤེས་སྔར་ལྷག་གིས་ཇེ་དྲག་ཏུ་ཕྱིན་ཡོད། དགེ་སྒྲུབ་ཀྱི་སྙིང་སྟོབས་ལག་ལེན་བྱས་ཤིང་བྱམས་སྙིང་རྗེའི་བརྩེ་སེམས་དར་སྤེལ་བཏང་བས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་ལྷག་བསམ་རབ་ཏུ་མངོན་ཡོད། རང་ངོས་འཛུགས་སྐྱོང་དང་དགོན་པ་དང་གྲྭ་བཙུན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས་ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་གྱི་ནུས་པ་དང་ཆུ་ཚད་སྔར་ལྷག་གིས་ཇེ་མཐོར་ཕྱིན་ཡོད་ཅེས་ལོ་དྲུག་གི་རིང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁུལ་དང་རྫོང་གི་ནང་བསྟན་རྩ་འཛུགས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། ཁུལ་ཡོངས་ཀྱི་གྲྭ་བཙུན་ཕལ་ཆེར་ཏང་དང་སྲིད་གཞུང་གིས་བློས་འགེལ་ཆོག་པའི་རྩ་བའི་སྟོབས་ཤུགས་གྱུར་ཞིང་། རྒྱ་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་ནི་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པས་ཁུལ་ཨུ་དང་སྲིད་གཞུང་གིས་ཚབ་མཛད་དེ་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་དང་རྒྱ་ཆེ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་མི་སྣ་ཡོངས་ལ་སྙིང་ཐག་ནས་བཀའ་དྲིན་ཆེ་ཞུས་པ་རེད།

    ལིའུ་ཁྲེང་མིང་བསྟན་དོན། ནང་བསྟན་ཆོས་ལུགས་མི་སྣ་ཡོངས་ཀྱིས་ངེས་པར་དུ་དུས་རབས་ཀྱི་གོམ་སྟབས་རྗེས་སྙེག་བྱེད་ཅིང་བྱེད་ཐབས་གོ་ཆོད་པོ་སྤྱད་དེ་ཁྲིམས་ལྟར་དགོན་པ་དང་གྲྭ་བཙུན་དོ་དམ་བྱས་པར་བརྒྱུད། ཁུལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་ལས་རིགས་སྔར་བས་ཚད་ལྡན་སྒྲིག་ཡོད་ཡོང་བར་སྐུལ་སྤེལ་གཏང་དགོས། ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱིས་ངེས་པར་དུ་རང་ངོས་ཀྱི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱེད་ཅིང་། ཆབ་སྲིད་དང་སྤྱི་ཡོངས། སྲོག་ཤིང་དང་མིག་ལྟོས་བཅས་འདུ་ཤེས་བཞི་དྲག་ཏུ་བཅངས་པ་དང་། སེམས་ཐག་གཙང་བཅད་ཀྱིས་ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་གཏོང་ཞིང་། འབྲེལ་ཟམ་ཡག་པོ་བྱེད་པ་དང་ཞབས་ཞུ་ཡག་པོ་བྱེད་པ། ཆོས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ལས་ཀའི་དམིགས་འབེན་ལ་དམ་པོར་དམིགས་ནས། གཅིག་མཐུན་བཞི་དང་ཡག་པོ་ལྔ། ཡི་རང་བ་གསུམ་དང་(སེམས་པ་གཅིག་མཐུན་དང་སྐད་ཆ་གཅིག་མཚུངས། ལྟ་བ་གཅིག་མཐུན། བསྒྲུབ་བྱ་གཅིག་གྱུར་བཅས་གཅིག་མཐུན་བཞི། དགོན་སྡེ་འཛུགས་སྐྲུན་ཡག་པོ་དང་དགེ་འདུན་པའི་འཚོ་བ་ཡག་པོ། བོད་བརྒྱུད་ནང་བསྟན་བརྒྱུད་འཛིན་དར་སྤེལ་ཡག་པོ། དོ་དམ་ཞབས་ཞུ་ཡག་པོ། འཆམ་མཐུན་བརྟན་བརླིང་ཡག་པོ་བཅས་ཡག་པོ་ལྔ། ཏང་ཨུ་དང་སྲིད་གཞུང་ཡི་རང་བ་དང་དགེ་འདུན་གྱི་སྡེ་ཡི་རང་བ། ཆོས་དད་མང་ཚོགས་ཡི་རང་བ་བཅས་ཡི་རང་བ་གསུམ།)དང་ཚད་ལོན་གསུམ(དགོན་པ་ཚད་ལོན། དགེ་འདུན་ཚད་ལོན། ཆོས་དོན་ཚད་ལོན།)བཅས་ལས་ཀའི་དམིགས་འབེན་དུ་བྱས་ཤིང་། ལྔ་གཉིས་གསུམ་གྱི་སློབ་སྦྱོང་སློབ་གསོ་བྱ་འགུལ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། སློབ་གསོ་སྐུལ་ཁྲིད་དང་ནང་དོན་རིག་པའི་བསམ་བློ་འཛུགས་སྐྱོང་། བརྟག་དཔྱད་ཞིབ་འཇུག  ནང་བསྟན་མཐུན་ཚོགས་ཀྱི་ཁྱབ་ཁོངས་འཆམ་མཐུན་བརྟན་བརླིང་ཡོང་བ་སོགས་ཀྱི་ལས་ཀ་གཙོ་བོ་དམ་འཛིན་ཧུར་ཐག་བྱས་ཤིང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་ཆོས་ལུགས་མཐུན་འགྲིག་དང་ཆོས་དོན་ལམ་འགྲོ། དགོན་པ་འཆམ་མཐུན་ཡོང་ཆེད་བྱས་རྗེས་གསར་པ་གཞག་དགོས།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དེས་རྩ་བ་བྱས་ཏེ་ལོ་རྒྱུས་དང་ལས་ཀའི་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏང་དགོས། གཉིས་ནི་ཁྲིམས་ལྟར་ཁུལ་སྐྱོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་དོ་དམ་ཚད་ལྡན་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་དགོས། གསུམ་ནི་དགོན་པ་ཚད་ལོན་རིམ་སྤོར་བྱ་རྒྱུ་དེས་གཞི་འཛིན་སར་བྱས་ཏེ་སྔོན་ཐོན་ལ་བརྩོན་ལེན་དང་འཆམ་མཐུན་ལ་སྐུལ་སྤེལ་གཏང་དགོས། བཞི་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དམིགས་འབེན་དུ་བཟུང་ནས་མ་བསྐུལ་དང་བླངས་ཀྱིས་དགེ་བ་སྒྲུབ་ཅིང་མང་ཚོགས་ལ་ཕན་པ་བསྐྲུན་དགོས། ལྔ་ནི་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་གཞི་སྟེགས་སུ་བྱས་ནས་དར་སྲོལ་གསར་པ་འཛུགས་ཤིང་དྲང་ལུགས་དར་སྤེལ་གཏང་དགོས།

ལིའུ་ཁྲེང་མིང་གིས་གསུངས་དོན། འཐུས་མི་ཚོ་རྒྱལ་གཅེས་ཆོས་གཅེས་དང་ཏང་དང་སེམས་པ་གཅིག་མཐུན་གྱི་མིག་དཔེ་དང་། ཁྲིམས་སྦྱོང་ཁྲིམས་སྲུང་དང་ཐོས་བསམ་ཉམས་ལེན་གྱི་མིག་དཔེ། ལྟ་སྤྱོད་ཡང་དག་དང་དམངས་ལ་ཕན་པའི་མིག་དཔེ་རུ་འགྱུར་གང་ཐུབ་བྱ་དགོས། གནས་བབ་གསར་པའི་འོག་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀ་ནི་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན། རྒྱ་ཁྱབ་རང་བཞིན་བཅས་ལྡན་པའི་རྒྱུད་རིམ་ལས་གྲྭ་ཞིག་ཡིན་པས་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀ་ཡག་པོ་བསྒྲུབ་པར་ནང་བསྟན་མཐུན་ཚོགས་ཁོ་ནར་བརྟེན་རྒྱུ་མེད་ཅིང་། རིམ་ཁག་དང་སྡེ་ཁག་གིས་མཐོང་ཆེན་བྱས་ཤིང་དཀའ་ངལ་ལ་མི་སྐྲག་ཅིང་ལོ་རྒྱུས་ཀྱི་འགན་འཁྲི་མི་འདོར་བ། སློབ་སྦྱོང་དང་མཐུན་སྒྲིལ། བྱེད་ཐབས་བཅས་ལ་དང་དོད་བྱེད་པ། མ་དངུལ་གཏོང་འཇོག་ཇེ་ཆེར་གཏོང་ཞིང་ནང་སྲོལ་འཛུགས་ཤུགས་ཆེ་རུ་གཏོང་བ། དོན་ཐོག་འཁྱོལ་བ་དམ་འཛིན་བྱ་དགོས།

ཞིང་ཆེན་དང་ཁུལ་གྱི་དབུ་ཁྲིད་ལི་ཞིང་ཡིའུ་དང་། ལི་ཁང་། བྱང་ཆུབ། ཧྲེན་དབྱང་། ལའོ་ཀྲེན་ཧྭ། ཚུའེ་ཡུས་ཧྥེང་། བློ་བཟང་ཆོས་འཕེལ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།

ཚོགས་ཐོག་ཏུ་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་རྒྱུན་ལས་ལས་འཛིན། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མི་དང་མཚན་འཛིན་ཚོགས་གཙོ་གདན་ཞུ་བྱ་རྒྱུ་བཅས་ཀྱི་གནས་ཚུལ་གསལ་བཤད་བྱས་ཤིང་། ཨུ་ལྷན་གཉིས་ཀྱི་གྲུབ་མིའི་མིང་ཐོ་དང《འདེམས་བསྐོ་བྱེད་ཐབས》ལ་གྲོས་འཆམ་བྱུང་བ་རེད།

 

  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་ཆུ་ལོག་སྔོན་འགོག་དང་ཉེན་ཁ་གཡོལ་ཆེད་དངོས་སྦྱོང་ལས་ཀ་ནན་པོ་བསྒྲུབས།
  • ལེ་ཚན་རྗེས་མ།:ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
  • དོ་སྣང་ཆེ་བའི་རྩོམ།