ལྕགས་ཟམ་རྫོང་གིས་ཆུ་ལོག་སྔོན་འགོག་དང་ཉེན་ཁ་གཡོལ་ཆེད་དངོས་སྦྱོང་ལས་ཀ་ནན་པོ་བསྒྲུབས།

དབྱངས་ཅན་གྱིས་བསྒྱུར།        2017-07-18

ཆར་ཆུ་འབབ་སྐབས་དང་ཆུ་འབྲུབ་པའི་སྐབས་ཀྱི་བདེ་འཇགས་བྱུར་རྐྱེན་སྣ་ཚོགས་ཡོང་བར་འགོག་ཟོན་ནུས་ལྡན་བྱེད་ཆེད། ལྕགས་ཟམ་རྫོང་གིས་ཆུ་འབྲུབ་སྐབས་ཀྱི་གནམ་གཤིས་ངན་པས་རང་བྱུང་གནོད་སྐྱོན་སྣ་ཚོགས་བྱུང་སླ་བའི་གནས་བབ་ལ་དམིགས་ནས། ཐབས་མང་མཉམ་འདོན་དང་ནུས་ཤུགས་ཡོད་རྒུས་ཆུ་འབྲུབ་སྐབས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀ་ཡག་པོ་བསྒྲུབས་པ་རེད།

རྫོང་དེས་གནོད་འཚེ་སེལ་ཐབས་བྱེད་པ་ལས་གནོད་འཚེ་སྔོན་འགོག་བྱས་ན་དགའ་བའི་འདུ་ཤེས་བརྟན་པོ་འཛིན་ནས། ཆུ་ལོག་འགོག་སེལ་གྱི་ལས་ཀའི་སྲིད་འཛིན་འགོ་དཔོན་གྱི་འགན་འཁྲིའི་ལམ་ལུགས་ནན་པོ་བྱས་ཏེ། ཆུ་ལོག་འགོག་སེལ་གྱི་འགན་འཁྲི་མི་རེ་རེ་དང་གནད་འགག་རེ་རེ་བཞིན་དུ་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་བྱས་པ་དང་། སྔོན་རྗེས་སུ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡོངས་ཁྱབ་རང་བཞིན་གྱི་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་དུ་འཕྲད་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་རེ་རེ་བཞིན་དུ་རྩིས་ཐོ་འཛུགས་གཉེར་དང་འཐུས་ཚང་དུ་བཏང་བར་མ་ཟད་དུས་ཐོག་ཏུ་ལེགས་བཅོས་བྱས། སྐབས་འཕྲལ་དུ་དག་བཅོས་བྱེད་དཀའ་བ་ལ་ཆུ་ཚོད24རིང་ལྟ་སྐུལ་ཚད་ལེན་བྱས་པར་མ་ཟད།མངོན་མེད་རྐྱེན་ངན་ཚབ་ཆེན་ཡོད་སར་ཉེས་ཟོན་བྱང་བུ་དང་བརྡ་རྟགས་བཙུགས་ཤིང་བྲེལ་མྱུར་གྱི་ཉེན་གཡོ་བྱེད་ཐབས་དང་འཆར་འགོད་གཏན་འབེབས་བྱས། ཆར་པ་འབབ་སྔོན་དང་འབབ་རིང་།འབབ་རྗེས་བཅས་ཀྱི་ཞིབ་བཤེར་ལས་ཀ་ནན་པོ་བསྒྲུབ་དགོས་པའི་བླང་བྱ་ལྟར། ཞིབ་བཤེར་ལས་ཀ་ཤུགས་ཆེན་བསྒྲུབས་པ་དང་ཆར་པ་འབབ་ཚུལ་གྱི་ཆ་འཕྲིན་དང་ས་གཤིས་གནོད་སྐྱོན་གྱི་ལྟ་སྐུལ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་ཐོག་ཏུ་སྔོན་ཚུད་ཀྱི་ཉེན་བརྡ་ཡང་དག་སྙན་སེང་ཞུས་པ་དང་། དུས་ཚོད་དང་པོར་སྔོན་ཚུད་ཀྱི་ཉེན་བརྡ་ཆ་འཕྲིན་སྤེལ་བཏང་བྱས། གསར་འགྱུར་སྨྱན་བྱད་སྣ་ཚོགས་ལ་བརྟེན་ནས་ཆུ་འབྲུབ་སྐབས་ཀྱི་ཉེན་མེད་དྲིལ་བསྒྲགས་ལས་ཀ་ཤུགས་ཆེན་སྤེལ་ནས། དུད་ཚང་རེ་རེ་བཞིན་དུ་ས་གཤིས་གནོད་སྐྱོན་འགོག་སེལ་གྱི་འགན་འཁྲི་བྱང་བུ་དང་གནོད་འགོག་གི་ཤེས་བྱའི་བྱང་བུ་སྤྲད་ནས་ཁྱིམ་མི་ཚང་མས་རྟོགས་ཐུབ་པར་ཁག་ཐེག་བྱས་པ་དང་ཆབས་ཅིག   མི་སྣ་སྒྲིག་འཛུགས་བྱས་ནས་ཉེན་གཡོལ་སྦྱོང་བརྡར་བྱས་ནས་མང་ཚོགས་ཀྱི་བྲེལ་མྱུར་ངང་སྲོག་ཉེན་ལས་ཐར་བ་དང་།རང་སྐྱོབ། ཕན་ཚུན་སྐྱོབ་རེས་སོགས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་བ་རེད།། 


  • ལེ་ཚན་སྔོན་མ།:ཆུ་འབྲུབ་པའི་དུས་སུ་ཁུལ་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱིས་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཆོས་ལུགས་མཐུན་འགྲིག་དང་ཆོས་དོན་ལམ་འགྲོ། དགོན་པ་འཆམ་མཐུན་ཡོང་ཆེད་བྱས་རྗེས་གསར་པ་གཞག་དགོས།
  • དོ་སྣང་ཆེ་བའི་རྩོམ།