ཆུ་འབྲུབ་པའི་དུས་སུ་ཁུལ་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱིས་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་།

ཀུན་དགས་བསྒྱུར།        2017-07-18

ད་ལོར་ཆུ་རྒྱས་པ་ནས་བཟུང་། ཁུལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ཁུལ་འབྲུབ་འགོག་བཀོད་འདོམས་ཁང་གིས་ཆུ་འབྲུབ་པའི་དུས་ཀྱི་གནམ་གཤིས་ཞབས་ཞུའི་གནད་སྨིན་བཀོད་སྒྲིག་བྱས་པར་གཞིགས་ནས་ནུས་ཤུགས་ཡོད་རྒུས་ཆུ་འབྲུབ་པའི་དུས་ཀྱི་གནམ་གཤིས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ་དང་གནོད་འཚེ་སྔོན་འགོག་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ཡག་པོ་བཏོན་ནས་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད།

དུས་ཐོག་ཏུ་བཀོད་སྒྲིག་དང་དོན་འཁྱོལ་ནན་འཛིན་བྱས།  གནམ་གཤིས་སྡེ་ཚན་གྱིས་ཁུལ་ཡོངས་ཀྱི་ཆུ་འབྲུབ་པའི་དུས་ཀྱི་གནམ་གཤིས་ལས་སྒོའི་ཞབས་ཞུ་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ་དང་ཆུ་ལོག་མ་བྱུང་གོང་གི་ལས་སྒོ་ཞབས་ཞུའི་ལས་དོན་ཐད་ཁྱོན་ཡོངས་སུ་རང་བཤེར་བྱས་པ་རེད། ལས་སྒྲུབ་ཚོ་ཆུང་ཆུང་སྒྲིག་འཛུགས་བྱས་ཏེ་རྫོང(གྲོང་ཁྱེར) སོ་སོར་ཆུ་འབྲུབ་པའི་དུས་ཀྱི་གནམ་གཤིས་ཞབས་ཞུའི་ལས་དོན་སྒྲིག་འཛུགས་དང་སྒྲིག་བཀོད་བྱེད་སྟངས། སྒྲིག་ཆས་སྤེལ་ཚུལ།དེ་བཞིན་མངོན་མེད་རྐྱེན་ངན་སོགས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་པ་རེད།

ལྟ་ཞིབ་ཚད་ལེན་དང་ཞབས་ཞུར་ཤུགས་སྣོན་བརྒྱབ། ཁུལ་དང་རྫོང(གྲོང་ཁྱེར) གནམ་གཤིས་ཅུས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་གནམ་གཤིས་སྲུང་སྐར་དང་དར་རྩེ་མདོའི་དུས་རབས་གསར་པའི་གནམ་གཤིས་ལེ་ཏ། རྒྱལ་ཁབ་རིམ་པའི་རང་འགུལ་གནམ་གཤིས་ས་ཚུགས་གསར་པ། ས་ཁོངས་རང་འགུལ་གྱི་གནམ་གཤིས་ས་ཚུགས་སོགས་སྒྲིག་ཆས་སྣ་ཚོགས་བེད་སྤྱོད་བྱས་པ་དང་གནམ་གཤིས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་གསར་པ་དུས་ཐོག་ཏུ་ལེན་ཐུབ་པར་བྱས་ཡོད།   མཐའ་སྐོར་ས་ཁུལ་གྱི་གནམ་གཤིས་བརྟག་དཔྱད་ཁང་དང་གྲོས་མོལ་བྱས་ནས་ས་ཁོངས་ཀྱི་མཉམ་འགོག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བས་མ་ཚད་ཏང་སྲིད་དྲ་བ་དང་། གཙོ་ཆེའི་དྲྭ་ཚུགས།ཚགས་པར་དང་དུས་དེབ། བརྙན་འཕྲིན།  འཕྲིན་ཕྲན་སྤྱི་རྟགས།ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་སོགས་བརྒྱུད་ནས་མང་ཚོགས་ལ་གནམ་གཤིས་སྔོན་བསྒྲགས་དང་ཉེན་བརྡའི་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད།

དབྱེ་ཞིབ་ནན་ཏན་དང་སྔོན་བརྡ་མགྱོགས་གཏོང་བྱས། ཆུ་འབྲུབ་པའི་དུས་སྐབས་སུ་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་ལྟ་ཞིབ་ཚད་ལེན་མ་ལག་ཚགས་དམ་རིམ་འགྱུར་བྱས་པས་མ་ཚད་གནམ་གཤིས་སྔོན་བརྡའི་ཞབས་ཞུ་ཡིག་རིགས་སྣ་ཚོགས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད།  ཁྱོན་བསྡོམས་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཟོན་གྱི་སྔོན་བརྡའི་དུས་དེབ་ཐེངས11 དང་ཆུ་བོ་ཆུང་འབྲིང་གི་ཆུ་ལོག་གནམ་གཤིས་ཉེན་ཟོན་གྱི་སྔོན་བརྡ་ཐེངས4 ཚབས་ཆེ་བའི་དྲག་ཆར་གྱི་གནམ་གཤིས་ཉེན་བརྡ་ཐེངས6  གློག་འཁྱུག་ཐོག་རྒྱག་གི་ཉེན་ཟོན་བརྡ་རྟགས་ཐེངས21 ཆུ་འབྲུབ་སྐབས་ཀྱི་ཆར་པའི་བརྡ་ཁྱབ་ཐེངས62 ཆར་ཆུ་འབབ་ཚད་ཆེ་བའི་ཚགས་པར་ཐེངས172 རིགས་འདྲ་མིན་གྱི་ཆེད་དམིགས་གནམ་གཤིས་འགན་སྲུང་སྔོན་བརྡ་ཐེངས89ཁྱབ་བསྒྲགས་བྱས་པ་རེད། ཁུལ་རྫོང(གྲོང་ཁྱེར)ཏང་ཨུ་དང་སྲིད་གཞུང་གིས་གནོད་འགོག་གེགས་སེལ་ལས་ཀར་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཡག་པོ་དང་ཐབས་ཇུས་ལེགས་པོ་འདོན་ཆེད་ཡིག་རིགས་སྣ་ཚོགས་འདོན་སྤྲོད་བྱས་ཡོད། རྫོང( གྲོང་ཁྱེར) ཁག་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་དང་སྔོན་བརྡ་བཏང་བར་གཞིགས་ནས་དུས་ཐོག་ཏུ་གནས་སྤོ་དང་ཁ་བཀྲམ་རྒྱུ་བཀོད་སྒྲིག་བཅས་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་གང་ཐུབ་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:གསེར་ཐར་སྔོ་ཚལ་དྲོ་ཁང་ནས་ཕྱུག་འགྱུར་གྱི་སྒོ་མོ་ཕྱེས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གིས་ཆུ་ལོག་སྔོན་འགོག་དང་ཉེན་ཁ་གཡོལ་ཆེད་དངོས་སྦྱོང་ལས་ཀ་ནན་པོ་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།