ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།

སྐལ་ཐུབ་ཀྱིས།        2017-07-20

  ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།

   ཟླ་བ7པའི་ཚེས19ཉིན་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་ཀྱི་གྲོས་རིམ་ཁག་བདེ་བླག་ཏུ་གྲུབ་ནས་དར་མདོའི་ཟློས་གར་ཁང་དུ་མཇུག་འགྲིལ་པ་རེད། ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི187ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི158ཡིན་པས་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།

ཞིང་ཆེན་དང་ཁུལ་གྱི་དབུ་ཁྲིད་སུའུ་ཆོན་དང་། ལི་ཁང་། བྱང་ཆུབ། ཧྲེན་དབྱང་། ལའོ་ཀྲེན་ཧྭ། ཚུའེ་ཡུས་ཧྥེང་། བློ་བཟང་ཆོས་འཕེལ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
རྒྱལ་བསྟན་བློ་བཟང་བྱམས་པས་གསུང་བཤད་གནང་བཞིན་པའི་ཚུལ།

    མཇུག་འགྲིལ་གྲོས་ཚོགས་ཐོག་ཏུ་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན97བདམ་ཐོན་བྱུང་ཞིང་མཚན་འཛིན་ཚོགས་གཙོ3གདན་ཞུ་བྱས། རྒྱལ་བསྟན་བློ་བཟང་བྱམས་པ་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་བདམ་ཐོན་བྱུང་ཞིང་རྡོ་རྗེ་བཀྲ་ཤིས་སོགས་མི18ཚོགས་གཙོ་གཞོན་པར་བདམ་ཐོན་བྱུང་བ་རེད། བློ་མཐུན་རིག་འཛིན་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱིས་དྲུང་ཡིག་ཆེན་མོ་བར་བདམ་ཐོན་བྱུང་ཞིང་དཀོན་མཆོག་དབང་རྒྱལ་སོགས་མི10དྲུང་ཡིག་ཆེན་མོ་བ་གཞོན་པར་བདམ་ཐོན་བྱུང་བ་རེད།

ཚོགས་ཐོག་ཏུ་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》《ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་ཀྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
འཐུས་མི་ཚོས་བརྡས་ཐག་གཅོད་བཞིན་པའི་ཚུལ།

    ཚོགས་ཐོག་ཏུ་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པས་གྲོས་ཚོགས་མཇུག་འགྲིལ་བའི་གསུང་བཤད་གནང་བ་རེད།  ཁོང་གིས་ཐེངས་འདིའི་གྲོས་ཚོགས་སུ་གཏན་འབེབས་བྱུང་བའི་ཆོད་དོན་ནི་དུས་རབས་གསར་པའི་ནང་ཁུལ་ནང་བསྟན་ལས་རིགས་ཀྱི་བྱ་སྤྱོད་རྩ་འཛིན་ཡིན་ཞིང་ནང་བསྟན་བྱ་གཞག་འཕེལ་རྒྱས་གསར་པ་ཡོང་བར་རྩ་འཛུགས་དང་ལམ་ལུགས་ཀྱི་འགན་སྲུང་སྤྲད་པས་བོད་བརྒྱུད་ནང་བསྟན་ཚད་ལྡན་ཚུལ་མཐུན་གྱི་ལམ་དུ་སྐྱོད་པའི་ལོ་རྒྱུས་ཀྱི་རྣམ་ཐར་གསར་པ་བསྐྱང་ཐུབ་ངེས་རེད་ཅེས་གསུངས་པ་རེད།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
འཐུས་མི་ཚོས་བརྡས་ཐག་གཅོད་བཞིན་པའི་ཚུལ།

    རྒྱལ་བསྟན་བློ་བཟང་བྱམས་པས་གསུངས་དོན། འདས་ཟིན་པའི་ལས་ཀར་ཕྱིར་མིག་བལྟས་ན་ང་ཚོས་འགན་འཁྲི་ལྷུར་ལེན་དང་ནུས་པ་འདོན་སྤེལ་བྱས་པས་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀ་སྔར་མེད་མཐོ་ཚད་གསར་པའི་ཐོག་སླེབས་ཡོད་པ་སྟེ་ཕྱོགས་གཅིག་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བཏང་བས་རང་ཁུལ་སྲིད་དར་དམངས་བདེ་དང་ལས་བརྒྱ་གོང་འཕེལ་འགྲོ་བའི་རྫོགས་ལྡན་གྱི་དུས་སྐབས་སུ་སླེབས་པས། དེས་ནང་བསྟན་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་འགྲོ་བ་དང་ནང་བསྟན་མཐུན་ཚོགས་ཀྱི་བྱེད་ལས་དང་འགན་ནུས་འདོན་སྤེལ་བྱ་བར་མཐུན་རྐྱེན་དང་རྒྱུ་ཆ་མཁོ་སྤྲོད་བྱས་པ་རེད། ཕྱོགས་གཉིས་ནས་ང་ཚོས་དགའ་ཞེན་ལྔ་དང་བསྲུང་བྱ་གཉིས། འགན་ཁུར་གསུམ་གྱི་སློབ་གསོའི་བྱ་འགུལ་གཏིང་ཟབ་པོ་དང་རྒྱུན་ལྡན་ཅན་དུ་མདུན་སྤེལ་བྱེད་བཞིན་ཡོད་ལ། ཁྲིམས་ལུགས་དང་སྲིད་ཇུས་སློབ་སྦྱོང་དང་ཁྱབ་བསྒྲགས་བྱེད་ཅིང་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ། ནང་བསྟན་ལ་འགན་ཁུར་བའི་སྒོ་ནས་བཤད་སྒྲུབ་འཆད་ཉན་དོན་གཉེར་བྱེད་ཅིང་། གྲུབ་མཐའ་སོ་སོའི་དབང་ལུང་མན་ངག་སོགས་བླ་མ་དམ་པའི་ཕྱག་ལེན་དང་མཐོང་བ་བརྒྱུད་པའི་ཕྱག་སྲོལ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་བཅས་བསྟན་འགྲོ་ལ་ཕན་པའི་བྱ་བ་གང་མང་བསྒྲུབས་པས། དེ་ལ་རིམ་ཁག་ཏང་སྲིད་དང་དབུ་ཁྲིད་རྣམ་པས་གདེང་འཇོག་དང་བཀའ་སྐུལ་གནང་བ་དང་། སྤྱི་ཚོགས་རིམ་གྲས་དང་དགེ་འདུན་འདུས་མང་། དད་ལྡན་མང་ཚོགས་བཅས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་རྗེས་སུ་ཡི་རང་བྱས་པ་རེད།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
ཚོགས་ཞུགས་ལྷན་རྒྱས་ཀྱི་མཉམ་པར།

    རྒྱལ་བསྟན་བློ་བཟང་བྱམས་པས་གསུངས་དོན། མ་འོངས་པའི་མདུན་ལམ་ལ་རྒྱང་ལྟ་བྱས་ནས་ང་ཚོས་རླབས་ཆེན་གྱི་དུས་རབས་དང་བསྟུན་མཐུན་བྱེད་ཅིང་ནང་བསྟན་འཕེལ་རྒྱས་ཀྱི་གནས་བབ་གསར་པ་ཞིག་གསར་གཏོད་བྱ་དགོས་པ་སྟེ། གཅིག་ནི་དུས་རབས་ཀྱི་མཁོ་དགོས་དང་སྤྱི་ཚོགས་ཀྱི་བླང་བྱར་བསྟུན་ནས་ནང་བསྟན་ལས་རིགས་ཀྱི་དྲང་ནུས་འདོན་སྤེལ་བྱ་དགོས། གཉིས་ནི་ཕུགས་ཡུན་མིག་རྒྱང་རིང་བལྟས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མདུན་ལམ་གསར་པ་ཞིག་གསར་བསྐྲུན་བྱ་དགོས། གསུམ་ནི་ང་ཚོས་ནམ་ཡང་རང་ཉིད་འཛུགས་སྐྱོང་དང་བསླབ་པ་བློ་གཉེར་གྱིས་བཤད་སྒྲུབ་འཆད་ཉན་འཛུགས་སྐྱོང་། སློབ་སྲོལ་དང་མི་སྣ་འཛུགས་སྐྱོང་། དགོན་པའི་ཁྲིམས་དང་སྒྲིག་སྲོལ་འཛུགས་སྐྱོང་། ལས་ཀའི་ནང་སྲོལ་འཛུགས་སྐྱོང་། ནང་ཆོས་དགོངས་འགྲེལ་དང་རིག་གནས་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ལྔ་གཉིས་གསུམ་གྱི་བྱ་འགུལ་རྒྱུན་ལྡན་ཅན་དུ་སྤེལ་དགོས།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
སེར་ཤུལ་དགོན་པའི་དགེ་བཤེས་ཐོས་བསམ་གྱིས་བཅར་འདྲིར་དང་ལེན་གནང་བཞིན་པའི་ཚུལ།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
སྡེ་དགེ་ཐར་བདེ་དགོན་པའི་སྤྲུལ་སྐུ་ཚེ་དབང་འཇིགས་མེད་ཀྱིས་བཅར་འདྲིར་དང་ལེན་གནང་བཞིན་པའི་ཚུལ།

    རྒྱལ་བསྟན་བློ་བཟང་བྱམས་པས་ལས་འཛིན་ལྷན་རྒྱས་ལ་ཐུགས་རེ་གསུམ་ཞུས་པ་སྟེ། གཅིག་ནི་སྐབས་གསར་པའི་ལས་འཛིན་མི་ཚང་མས་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་སྣེ་ཁྲིད་ཡག་པོ་བྱས་ནས་ལྔ་གཉིས་གསུམ་གྱི་སྙིང་དོན་གལ་ཆེན་གྱི་རྩ་བ་རེ་རེ་བཞིན་དངོས་ཐོག་བདེན་འཚོལ་གྱིས་ལག་བསྟར་བྱེད་པ་ལས་ཕྱིན་ཅི་ལོག་པའི་ལམ་ལ་མི་འགྲོ་བ་ཁྲིམས་མཐུན་ཅན་གྱི་རྨང་གཞི་སྲ་བརྟན་ཡོང་བར་མཛད་དེ་བསྟན་རྒྱས་འགྲོ་བདེའི་ལམ་ལ་འཁྲིད་ཐུབ་དགོས། 

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།
ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་འཐུས་མི་གྲོས་ཚོགས་མཇུག་འགྲིལ།

     གཉིས་ནི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་སྣེ་ཁྲིད་བྱ་ནས་ཐུགས་མཐུན་ཁྲིམས་གཙང་དང་ཚད་ལྡན་ཚུལ་ལྡན་གྱིས་དགོན་པ་དང་གྲྭ་བཙུན། ཆོས་ཉམས་ལེན་བཅས་ཚད་ལྡན་གསུམ་མངོན་དུ་འགྱུར་བར་བྱས་ནས་དམ་ཆོས་མི་ཉམས་གོང་འཕེལ་མཛད་དེ་ཚུལ་ཁྲིམས་གཙང་ཞིང་ཡིད་དུ་འོང་བའི་དགོན་སྡེ་ཁག་རྣམས་ཏང་ཨུ་དང་སྲིད་གཞུང་གིས་ཡིད་ཆེས་ཆོག་པའི་དགོན་པར་སྐྱོང་ཐུབ་དགོས། གསུམ་ནི་ཁུལ་ཡོངས་ཀྱི་ཆོས་ལུགས་པ་དང་ཆོས་དད་མང་ཚོགས་སྣེ་ཁྲིད་ནས་ཏང་ཨུ་དང་སྲིད་གཞུང་གི་མཐའ་སྐོར་དུ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུར་གཅིག་གྱུར་ཡོང་བའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་གཞི་བསམ་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་ལྟར་དཀར་མཛེས་ཁུལ་གྱི་དོན་ཆེན་གསུམ་ལ་ཞབས་འདེགས་ཞུ་དགོས།

 

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཆོས་ལུགས་མཐུན་འགྲིག་དང་ཆོས་དོན་ལམ་འགྲོ། དགོན་པ་འཆམ་མཐུན་ཡོང་ཆེད་བྱས་རྗེས་གསར་པ་གཞག་དགོས།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་རང་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།