གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽

ཡེ་མགོན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།    ཁམས་པའི་དྲ་བ།    2017-05-22

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽

     གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡག་རྔའི་ཚའོ་པ་ནས་རང་ཁུལ་གྱི་ལྕགས་ཟམ་རྫོང་བར་ད་ལོར་ཤར་གཏོང་ཐུབ་རྒྱུ་རེད། དུས་དེ་ནས་བཟུང་ཁྲེང་ཏུའུ་ནས་ལྕགས་ཟམ་རྫོང་བར་ཆུ་ཚོད་གསུམ་ཙམ་ལས་མི་འགོར་བ་དང་། ཁྲེང་ཏུའུ་ནས་དར་མདོའི་བར་ཆུ་ཚོད་བཞི་ཙམ་ལས་མི་འགོར་བ་རེད། གཡག་རྔའི་ཚའོ་པ་ནས་ལྕགས་ཟམ་རྫོང་བར་སྤྱི་ལེ95ཡོད། དེའི་ནང་ཚའོ་པ་ནས་ཏུའེ་ཡན་བར་སྤྱི་ལེ17ཡོད་པ་དེ2016ལོའི་ཟླ་བ7པར་ཤར་གཏོང་ཐུབ་ཡོད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽

     ཏུའེ་ཡན་ནས་ལྕགས་ཟམ་བར་གྱི་སྤྱི་ལེ50ལྷག་དེ་འགག་སྨད་རྫོང་ཁོངས་སུ་ཡོད་ཅིང་སི་ཁྲོན་གྱི་གཞོང་དབྱིབས་ས་ཁུལ་ནས་མཚོ་བོད་མཐོ་སྒང་གི་གྱེན་ལ་འགྲོ་བའི་སྐས་རིམ་དུ་གནས་ཡོད་པས། འཛུགས་སྐྲུན་གྱི་དཀའ་ཚེགས་ཧ་ཅང་ཆེ་བ་རེད།

     མྱུར་བགྲོད་གཞུང་ལམ་འདི་ཤར་གཏོང་ཐུབ་པ་ནས་བཟུང་རང་རེའི་ཞིང་ཆེན་གྱི་རྒྱ་ཡུལ་གྱི་དབུལ་ཕོངས་རྫོང་ཡོད་ཚད་ལ་ལས་ཚར་བ་དང་ལས་བཞིན་ཡོད་པའི་མྱུར་བགྲོད་གཞུང་ལམ་གྱིས་སྦྲེལ་ཡོད་པ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽

     མིག་སྔར་རྒྱལ་སྲུང་གཞུང་ལམ318པའི་གཡག་རྔ་ནས་ལྕགས་ཟམ་ཁའི་བར་རླངས་འཁོར་ཆུ་ཚོད་གསུམ་རྒྱུག་དགོས་པ་རེད། 2018ལོའི་ལོ་མཇུག་ལ་སླེབས་དུས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་དར་མདོའི་བར་ཆུ་ཚོད་བཞི་ཙམ་ལས་མི་འགོར་བ་དང་། གཡག་རྔའི་འུ་ལག་རི་བོ་དང་སྐད་སྦུག་ཆུ་ལྗོངས་ཁུལ། དཀར་མཛེས་ཁུལ་གྱི་ལྕགས་ཟམ་ཁ། དུང་དཀར་ལུང་པ། དར་མདོའི་མཛའ་གཞས་སོགས་ཀྱི་ལྗོངས་ཁུལ་ཚང་མ་གཞུང་ལམ་དེའི་བརྒྱུད་ཡུལ་ཡིན་པས་ཡུལ་སྐོར་བ་སྔར་ལས་འབེལ་པོ་ཡོང་རྒྱུ་རེད།།


  • ལེ་ཚན་སྔོན་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༡༽
  • ལེ་ཚན་རྗེས་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽
  • དོ་སྣང་ཆེ་བའི་རྩོམ།