གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽

།ཡེ་མགོན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།    ཁམས་པའི་དྲ་བ    2017-05-22

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽

*“སྨུག་སྤྲིན་ཁྲོད་ཀྱི་འཛུགས་སྐྲུན་པདེ་དག་དཀའ་ངལ་དང་ཉེན་ཁ་ལ་མི་འཛེམ་པར་བར་སྣང་གི་ཁྲོད་ནས་འཛུགས་སྐྲུན་བྱེད་བཞིན་པ་དེས་གསར་འགོད་པ་དག་ལ་ཧ་ལས་ཤིང་ཧོན་ཐོར་པའི་མྱོང་ཚོར་ཟབ་མོ་སྟེར། དེ་ལྟར་དུམ་མཚམས་བཞི་པོའི་གཞུང་ལམ་གྱི་འཛུགས་སྐྲུན་པ་རྣམས་ཀྱིསམཁའ་ལམགྱི་དཀའ་ཚེགས་ལས་རིམ་གྱིས་རྒྱལ་བཞིན་པ་དང་། ཐེན་ཧོ་ཕུག་ལམ་ཡང་ཉིན་འདི་ཤས་རིང་ནས་འབྲེལ་མཐུད་བྱུང་བའི་རྒྱལ་ཁའི་གཏམ་བཟང་སྒྲོག་པ་དང་། ལམ་འགྲམ་གྱི་མེ་ཏོག་སེར་ཆུང་གིས་ཀྱང་འཛུམ་པའི་བཞད་ཀྱིས་ངང་གིས་སྒུག་བཞིན་འདུག

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽

* གསར་འགོད་པས་བཟོ་སྐྲུན་བྱེད་བཞིན་པའི་འགག་སྨད་ཟམ་ཆེན་ལས་རྒྱུས་ལོན་བྱུང་པ་ལྟར་ན། ཟམ་ཆེན་འདི་ནི་ཕྱོགས་གཉིས་སུ་རླངས་འཁོར་བཞི་རེ་ཤར་གཏོང་བྱ་ཆོག་པའི་རིང་ཚད་ལ་སྨི320ཡོད་པའི་མྱུར་ལམ་གྱི་ཟམ་ཆེན་ཞིག་ཡིན་ལ། འདི་ལ་ཟམ་རྟེན་ཀ་ཆེན36ཡོད་ལ་ཆེས་མཐོ་བའི་ཟམ་རྟེན་ཀ་ཆེན་གྱི་མཐོ་ཚད་ལ་སྨི42ཡོད། མིག་སྔར་མཐའ་མའི་ཟམ་རྟེན་ཀ་ཆེན་དྲུག་པོ་འཛུགས་སྐྲུན་བྱེད་པ་དང་མཉམ་དུ་ཟམ་གདན་དང་ཟམ་ར་སོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པས་ཉིན་རེར་སྨི5རེ་ཡར་མར་ལེགས་འགྲུབ་འབྱུང་བཞིན་ཡོད་པ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽

* འགག་སྨད་རྫོང་སི་ཅིང་ཤང་དུ་ཡོད་པའི་མྱུར་འགྲོད་གཞུང་ལམ་གྱི་ཟམ་པ་དེ་ནིC9དུམ་མཚམས་ཀྱི་ཀ་བ་མཐོ་ཤོས་ཀྱི་འབྲེལ་ཟམ་དེ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༣༽

* C10དུམ་མཚམས། C10ལས་གཞི་པུའུ་ཡི་སྤྱི་གཉེར་གཞོན་པ་ལི་ཀྲེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དུམ་མཚམས་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ8.7ཡོད་ལ། འདི་ལ་ཕུག་ལམ་རིང་པོ་གཅིག་དང་སྤྱིར་བཏང་གི་ཟམ་པ་གསུམ། སྨི1500ཡོད་པའི་ཟམ་རིང་ཞིག་དང་ཕུག་ལམ་ཞིག་བཅས་ཡོད་ལ། འདིར་དུས་ཡུན་ཐུང་ངུའི་ནང་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད། ཐེན་ཧོ་ཕུག་ལམ་རིང་མོ་འདི་ཉིན་གཉིས་ཀྱི་རིང་ནས་འབྲེལ་མཐུད་ཐུབ་པ་དང་། དུམ་མཚམས་འདིར་ཚོད་འཛིན་རང་བཞིན་ཅན་གྱི་ལས་གྲྭ་སྟེ་ཙི་ཧྲི་ཕུག་ལམ་གྱི་རིང་ཚད་ལ་སྨི1900ཡོད་ལ་དུང་ནང་གི་བྲག་ལ་འགྱུར་བ་མང་བས་ཉིན་རེར་སྨི3.2ལས་བརྐོ་མ་ཐུབ་པའི་དབང་དུ་བཏང་སྟེ་ཚོད་རྩིས་བྱས་ན་ད་ལོའི་ཟླ་བ་དགུ་པར་ལེགས་འགྲུབ་བྱུང་སྟེ་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།


  • ལེ་ཚན་སྔོན་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽
  • ལེ་ཚན་རྗེས་མ།:ས་ཆུ་བཅོས་སྐྱོང་བྱས་ནས་སྡེ་དགེ་རྫོང་དབུལ་ཐར་གྱི་ལམ་དུ་སྐྱོད།
  • དོ་སྣང་ཆེ་བའི་རྩོམ།