གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༡༽

ཡེ་མགོན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།    ཁམས་པའི་དྲ་བ།    2017-05-22

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༡༽

     གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་ལས་ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་མྱུར་ལམ་ལ་སྤྱིའི་རིང་ཚད་སྤྱི་ལེ45.622ཡོད་ཅིང་། དེར་ཟམ་པ41དང་ཕུག་ལམ11ཡོད།ཟམ་པ་དང་ཕུག་ལམ་གྱིས་མྱུར་ལམ་ཧྲིལ་པོའི་རིང་ཚད་ཀྱི་བརྒྱ་ཆ95ལ་ཟིན་ཡོད་པ་དང་། དེ་ལས་རྒྱལ་མོ་རྔུལ་ཆུ་སྟེང་གི་ཟམ་ཆེན་ནི་ཡིག་འབྲུY“གཟུགས་སུ་བསྐྲུན་ཡོད་ལ་སྤྱིའི་རིང་ཚད་ལ་སྨི1411ཡོད་ཅིང་ཞིང་ཆེན་ཡོངས་ཀྱི་ཆེས་རིང་བའི་ཟམ་པར་གྱུར་ཡོད་པ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༡༽
གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༡༽


     གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་ཞེང་ལ་སྨི24.5ཡོད་ལ། རླངས་འཁོར་བཞི་རེ་གཤིབས་གཏོང་བྱ་ཆོག་ཅིང་། མྱུར་ལམ་ཧྲིལ་པོ་ལ་ཟམ་པ129ཡོད་ཅིང་སྤྱི་ལེ36.176ཟིན་ཡོད་ལ། ཕུག་ལམ44ཡོད་ཅིང་སྤྱི་ལེ73.182ཟིན་ཡོད་པས་ཟམ་པ་དང་ཕུག་ལམ་གྱིས་མྱུར་ལམ་ཧྲིལ་པོའི་རིང་ཚད་ལས་བརྒྱ་ཆ82ལ་ཟིན་ཡོད་པ་རེད། དེ་ལས་འུ་ལག་རི་བོའི་ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ13.4ཡོད་པས་རྒྱལ་ཡོངས་ཀྱི་ཨང་གསུམ་པའི་ཕུག་ལམ་དུ་གྱུར་ཡོད་པ་རེད།

    གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་ནི་ཞིང་ཆེན་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་ཆེས་མང་པའི་མྱུར་ལམ་དུ་གྱུར་ཡོད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་འགྲོ་སོང་ཆེས་ཆེ་བའི་རི་སྒང་ས་ཆར་བསྐྲུན་པའི་མྱུར་ལམ་དུའང་གྱུར་ཡོད་པ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༡༽

     གཡག་རྔ་གྲོང་ཁྱེར་ཚའོ་པཱ་གྲོང་བརྡལ་ནས་མགོ་བརྩམས་ཤིང་འགག་སྨད་དང་ལྕགས་ཟམ་ཁ་བཅས་བརྒྱུད་དེ་དར་མདོའི་རྒྱ་ཡུལ་ལྟག་སྒོའི་བར་དུ་བརྐྱངས་ཡོད་པའི་མྱུར་ལམ་ཞིག་ཡིན་ལ་སྤྱིའི་རིང་ཚད་ལ་སྤྱི་ལེ135ཡོད་པ་རེད།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་རིམ་བཞིན་འཕེལ་ཁ་དར་བའི་གོམ་སྟབས།
  • ལེ་ཚན་རྗེས་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༢༽
  • དོ་སྣང་ཆེ་བའི་རྩོམ།