ནོར་བུ་བཀྲ་ཤིས་ལ་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་ཐོབ།

        2016-12-14

ནོར་བུ་བཀྲ་ཤིས་ལ་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་ཐོབ།

   སྤྱི་ཟླ12པའི་ཚེས12ཉིན། སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་གི་མཚན་སྙན་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེ་གནང་། ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་འགག་པ་ཤང་ལྕགས་ཟམ་ཁ་གྲོང་སྡེའི་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ནོར་བུ་བཀྲ་ཤིས་ལ་མཇལ་འཕྲད་གནང་།

      དར་མདོ་གྲོང་ཁྱེར་འགག་པ་ཤང་གི་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ནོར་བུ་བཀྲ་ཤིས་ཚང་གི་མི་རབས་གསུམ་དམག་མི་ཡིན་པ་དང་། ཁོང་གི་ཨ་ཕ་ནོར་བུ་ཁྲང་ཧྲུའུ1956ལོར་སྡེ་རོང་དང་རྟའུ་རུ་ཇག་འཇོམས་འཐབ་འཛིང་ནང་ཞུགས་མྱོང་ལ། འཐབ་གྲོགས་འགེབས་སྲུང་བྱ་ཆེད་སྟབས་མ་ལེགས་པར་སྐུ་གཤེགས། ཁོང་གི་བུ་བྱམས་པ་མཁས་གྲུབ་ནི་ཕུལ་བྱུང་གི་དམག་མི་ཞིག་ཡིན་ལ། 2013ལོར་ཆེས་མཛེས་པའི་ཁྱིམ་ཚང་ཞེས་པའི་མཚན་སྙན་ཐོབ། །


  • ལེ་ཚན་སྔོན་མ།:ཁུལ་ཨུས་བློ་མཐུན་སུའུ་ཀྲི་པིང་ལ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་མཇལ་འཕྲད་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས། ཞའོ་ཡིའུ་ཚའེ་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ
  • དོ་སྣང་ཆེ་བའི་རྩོམ།