རང་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་མཇལ་འཕྲད་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས། ཞའོ་ཡིའུ་ཚའེ་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བསྐོས་ཤིང་དཀར་མཛེས་ཁུལ་མི་དམངས་སྲིད་གཞ

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2016-12-14




རང་ཁུལ་གྱིས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་མཇལ་འཕྲད་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས། ཞའོ་ཡིའུ་ཚའེ་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ

   ཟླ་བ12པའི་ཚེས13ཉིན། རང་ཁུལ་གྱིས་བྲག་འགོ་རྫོང་དུ་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་མཇལ་འཕྲད་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་ཏང་ཨུའི་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚོགས་པའི་གྲུབ་མི་འགའ་ཤས་ལེགས་སྒྲིག་ཁ་གསབ་བྱེད་པའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད།

      ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ལས་ཨུ་ཡོན་དང་ལས་བྱེད་ཁྲུའུ་གཉིས་པའི་ཁྲུང་ཀྲང་ཁྲེན་ཀོན་སུང་གིས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུས་བློ་མཐུན་ཞའོ་ཡིའུ་ཚའེ་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་གཞོན་པར་བསྐོས་པ་དང་། བློ་མཐུན་ཡེ་ཤེས་ཟླ་བའི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཐེན་པར་མོས་མཐུན་བྱས་ཤིང་། ཞིང་ཆེན་ཏང་ཨུས་བློ་མཐུན་ཞའོ་ཡིའུ་ཚའེ་ཀྲུང་གུང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འོས་མིར་མིང་འདོན་བྱས་པ་དང་། བློ་མཐུན་ཡེ་ཤེས་ཟླ་བའི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་གོ་གནས་འཐེན་པའི་མིང་འདོན་བྱས་པར་མོས་མཐུན་བྱས། ཞིང་ཆེན་ཏང་ཨུས་བློ་མཐུན་ལུའོ་ཀྲེན་ཧྭ་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་གཞོན་པར་བསྐོས་པར་མོས་མཐུན་བྱས་པ་རེད།

ཁྲེན་ཀོན་སུང་གིས་བསྟན་དོན། བློ་མཐུན་ཞའོ་ཡིའུ་ཚའེ་དང་ལུའོ་ཀྲེན་ཧྭ་རྣམ་གཉིས་དཀར་མཛེས་ཁུལ་གྱི་འགོ་ཁྲིད་ལ་བསྐོ་གཞག་བྱས་པ་དེའི་ཐོག་ནས་ཞིང་ཆེན་ཏང་ཨུས་དཀར་མཛེས་ཁུལ་གྱི་འགོ་ཁྲིད་ཚོགས་པ་འཛུགས་སྐྱོང་ཐད་མཐོང་ཆེན་དང་ཐུགས་ཁུར་བྱེད་པར་མཚོན་ཐུབ་ཅིང་ཞིང་ཆེན་ཏང་ཨུས་མི་རིགས་ལས་བྱེད་པར་བཅངས་པའི་བརྩེ་སེམས་དང་གསོ་སྐྱོང་གང་ལེགས་བྱེད་ཡོད་པ་ཡང་མཚོན་ཐུབ་པ་རེད། དཀར་མཛེས་ཁུལ་ཨུ་དང་རིམ་ཁག་གི་ཏང་ཨུས་ཞིང་ཆེན་ཏང་ཨུའི་དམིགས་བསལ་ཐུགས་ཁུར་ལ་གཙིགས་ཆེན་བྱས་ཤིང་དྲིན་དྲན་བརྩོན་སྐྱེད་བྱས་ཏེ་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། ཁྲེན་ཀོན་སུང་གིས་ཚང་མས་བསམ་བློའི་ངོས་འཛིན་དེ་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཐོག་གཅིག་གྱུར་བྱས་ཏེ་བློ་མཐུན་ཞའོ་ཡིའུ་ཚའེ་དང་ལུའོ་ཀྲེན་ཧྭ་རྣམ་གཉིས་ཀྱི་ལས་ཀར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་དང་། བློ་མཐུན་ཞའོ་ཡིའུ་ཚའེ་དང་ལུའོ་ཀྲེན་ཧྭ་རྣམ་གཉིས་ཀྱིས་ཀྱང་ལས་རྐང་གསར་པའི་ཐོག་སློབ་སྦྱོང་བྱེད་ཤུགས་དང་ལས་ཀའི་ཁོར་ཡུག་ལ་བསྟུན་ཤུགས་ཆེ་རུ་བཏང་བ་ཆབས་ཅིག ལས་སྒྲུབ་ཧུར་ཐག་དང་གསར་གཏོད་ཧུར་སྐྱེད་བྱས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་བར་བློ་རིག་དང་ནུས་ཤུགས་འདོན་དགོས་ཞེས་ཐུགས་རེ་གནང་བ་རེད།

      ཞའོ་ཡིའུ་ཚའེ་ཡིས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་རྦད་དེ་དང་ལེན་ཞུས་ཐོག་དཀར་མཛེས་ཁུལ་དུ་ལས་དོན་སྒྲུབ་རིང་གཅིག་ནི་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དང་གཉིས་ནི་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ། གསུམ་ནི་དམ་པ་དོན་གཉེར་བྱས་ཏེ་མང་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུ། བཞི་ནི་རང་གཅུན་ནན་པོ་དང་སྤྱོད་གཙང་སྤྱི་གཞོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡེ་ཤེས་ཟླ་བས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་རྦད་དེ་བརྩི་སྲུང་དང་དང་ལེན་ཞུས་ཤིང་རྩ་འཛུགས་ཀྱིས་ཐུགས་ཁུར་དང་གསོ་སྐྱོང་ལ་བཀའ་དྲིན་ཆེ་ཞུས་ཐོག་ལས་རྐང་གང་དུ་ཞུགས་ཀྱང་ནམ་ཡང་བརྩེ་སེམས་དཀར་མཛེས་ལ་བཅང་པ་དང་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

   ལིའུ་ཁྲེང་མིང་གིས་བསྟན་དོན། ཞིང་ཆེན་ཏང་ཨུས་དཀར་མཛེས་བོད་ཁུལ་དབུལ་ཐར་འབྱོར་འབྲིང་དང་ཡུན་རིང་བདེ་འགོད་ཀྱི་དགོས་མཁོར་དམིགས་ནས་དཀར་མཛེས་ཁུལ་གྱི་འགོ་ཁྲིད་ཚོགས་པ་ལེགས་སྒྲུག་བཟང་འདེམས་བྱས་པའི་ཐོག་ནས་ཞིང་ཆེན་ཏང་ཨུས་རང་ཁུལ་གྱི་འགོ་ཁྲིད་ཚོགས་པ་ཆེན་པོ་བཞི་ལ་ཐུགས་ཁུར་དང་བྱམས་སྐྱོང་བྱེད་པར་མཚོན་ཐུབ་ཅིང་རང་ཁུལ་གྱི་བྱ་གཞག་ཁག་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་ཡང་མཚོན་ཐུབ། ཁུལ་རིམ་པའི་འགོ་ཁྲིད་ཚོགས་པས་ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་སྙིང་ནས་བརྩི་སྲུང་བྱས་ཏེ་རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་གཏན་འབེབས་དང་གཅིག་གྱུར་ཡོང་བར་བྱ་དགོས།

      ལིའུ་ཁྲེང་མིང་གིས་བློ་མཐུན་ཞའོ་ཡིའུ་ཚའེ་དང་ལུའོ་ཀྲེན་ཧྭ་རྣམ་གཉིས་ཀྱིས་ལས་ཀའི་ཁོར་ཡུག་ལ་རྒྱུས་ལོན་མགྱོགས་པོར་བྱེད་པ་དང་སྦྲགས་དངོས་སྒྲུབ་དོན་གཉེར་དང་གསར་སྐྲུན་ཧུར་ཐག་བྱས་ཏེ་ཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་འབེན་གཅིག་དང་གནད་འགག་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ལྟར་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་གིས་ཐུན་མོང་དུ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བྲི་དགོས་ཞེས་ཐུགས་རེ་གནང་བ་རེད།།

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་། ཁུལ་འགོ་ཁྲིད་ལི་ཅང་། བྱང་ཆུབ། ཧྲན་དབྱང་སོགས་དང་འབྲེལ་ཡོད་འགོ་ཁྲིད་རྣམས་གྲོས་ཚོགས་སུ་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:ནོར་བུ་བཀྲ་ཤིས་ལ་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་ཐོབ།
  • ལེ་ཚན་རྗེས་མ།:ཉི་སྟེན་ཡུལ་སྐོར་དོ་དམ་ཅུས་ཀྱིས་འབྲེལ་འདྲིས་བྱ་ཡུལ་དབུལ་ཕོངས་གྲོང་སྡེ་ལ་ཕྱུག་འགྱུར་གྱི་ཐབས་ལམ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།