རང་ཁུལ་གྱིས་གཙོ་དོན་སློབ་གསོ་བྱེད་སྒོ་ཏན་ཏིག་སྤེལ་ཏེ་བྱ་ཐབས་གཙོ་གནད་བཞི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-10-21

      ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོ་འགོ་བཙུགས་པ་ནས་བཟུང་། རང་ཁུལ་གྱིས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བྱ་རྒྱུ་བཅས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བརྗོད་བྱ་གཙོ་བོ་དང་གཙོ་གནད་ལ་དམིགས་ནས། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་དཔྱད། དག་ཐེར་དོན་འཁྱོལ་བཅས་བྱ་རྒྱུ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་རྒྱུན་འཁྱོངས་བྱས་ཏེ་གཙོ་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ་རེད། གཅིག་ནས་སློབ་སྦྱོང་དང་སློབ་གསོ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། གཉིས་ནས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་བརྒྱུད་རིམ་ཧྲིལ་པོ་ཁྱབ་པར་རྒྱུན་འཁྱོངས་བྱ་དགོས། གསུམ་ནས་གནད་དོན་ཞིབ་དཔྱད་བྱ་རྒྱུ་བརྒྱུད་རིམ་ཧྲིལ་པོ་ཁྱབ་པར་རྒྱུན་འཁྱོངས་བྱ་དགོས། བཞི་ནས་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱ་རྒྱུ་བརྒྱུད་རིམ་ཧྲིལ་པོ་ཁྱབ་པར་རྒྱུན་འཁྱོངས་བྱ་དགོས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་བྱེད་ཐབས་ཞིབ་འཇུག་བྱས།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོས་ཏེ་སྔོ་ལྗང་རི་ཀླུང་ཆུ་ཀླུང་ལ་སྲུང་སྐྱོང་ཡག་པོ་བྱ་དགོས
  • དོ་སྣང་ཆེ་བའི་རྩོམ།