སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོས་ཏེ་སྔོ་ལྗང་རི་ཀླུང་ཆུ་ཀླུང་ལ་སྲུང་སྐྱོང་ཡག་པོ་བྱ་དགོས

བདེ་སྐྱིད་ཀྱིས་བསྒྱུར།        2019-10-21

    ཆུ﹙མཚེའུ﹚དཔོན་ལམ་ལུགས་ཀྱི་གཏན་འབེབས་བླང་བྱ་དོན་འཁྱོལ་ནན་ཏན་བྱ་ཆེད། སྤྱི་ཟླ10པའི་ཚེས11ཉིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་འབའ་ཐང་སོགས་རྫོང་ཁག་ལ་ཕྱིན་ནས་འབྲི་ཆུའི་རྒྱུག་ཁུལ﹙དཀར་མཛེས་ཁུལ་དུམ་བུ﹚དུ་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐོར་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་དང་པད་དགེར་འཁྱིལ་མཚོའི་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་ཀར་བརྟག་ཞིབ་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཚད་མཐོན་པོ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ་ལ་བརྟེན་ནས་ཆུ﹙མཚེའུ﹚དཔོན་ལས་ཀ་ཡག་པོ་བསྒྲུབས་ནས་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས་ཞེས་ནན་གསུང་གནང་བ་རེད།

    བྱང་ཆུབ་ཀྱིས་གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་གཏང་དགོས་པ་དང་། གཉིས་ནས་དམིགས་འབེན་ལས་འགན་ཁ་གསལ་བྱས་ནས་ལས་ཀའི་གཙོ་གནད་ཁོང་དུ་ཆུད་དགོས། གསུམ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ ཆུ﹙མཚེའུ﹚དོ་དམ་ཡག་པོ་བྱ་དགོས། བཞི་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་དག་ཐེར་དོན་འཁྱོལ་ནན་པོ་བྱ་དགོས། ལྔ་ནས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཉམ་དུ་བཅོས་སྐྱོང་བྱ་རྒྱུར་ཤུགས་རྒྱག་དགོས། དྲུག་ནས་མཐུན་སྦྱོར་རྩ་འཛུགས་ལ་ཤུགས་བརྒྱབ་ནས་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་གཞིའི་སྤུས་ཚད་ལ་འགན་ལེན་བྱ་དགོས་ཞེས་ཕྱོགས་དྲུག་གི་ཐད་ནས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གཙོ་དོན་སློབ་གསོ་བྱེད་སྒོ་ཏན་ཏིག་སྤེལ་ཏེ་བྱ་ཐབས་གཙོ་གནད་བཞི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས།
  • ལེ་ཚན་རྗེས་མ།:རྒྱ་བོད་བར་ཇི་སྲིད་བར་དུ་ཁྱིམ་མི་གཅིག་ལྟར་བརྩེ།
  • དོ་སྣང་ཆེ་བའི་རྩོམ།