ཉག་རོང་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པའི་གཅིག་བསྡུས་སྒྲོག་འགྲེལ་ཚོགས་འདུ་འཚོགས།

བསོད་ནམས་དབང་འདུས་ཀྱིས།        2014-04-28

  

ཉག་རོང་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པའི་གཅིག་བསྡུས་སྒྲོག་འགྲེལ་ཚོགས་འདུ་

ཕྱོགས་ཡོངས་ནས་ཞིང་ཆེན་བོད་ཁུལ་དྲིལ་བསྒྲགས་པུའུ་ཀྲང་གི་ལས་ཀའི་གྲོས་ཚོགས་དང་དཀར་མཛེས་ཁུལ་བོད་རྒྱ་སྐད་གཉིས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པའི་གསོ་སྦྱོང་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཟླ་བ4པའིཚེས15ཉིན།ཉག་རོང་རྫོང་གིས་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་རྫོང་ཡོངས་ཀྱི་དགོན་པ54ཡི་སྤྲུལ་སྐུ།བླ་མ།མཁན་པོ་དང་དགོན་པའི་དོ་དམ་ཨུ་ལྷན་གྱི་འགན་ཁུར་པ་བཅས་རྫོང་གི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣ77བསྡུས་ནས་གཅིག་བསྡུས་ཀྱིས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད།
     ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་རིམ་གྱི་སྙིང་དོན་དང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན།ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པའི་སྙིང་དོན།ཁུལ་ཨུའི་སྐབས་བཅོ་བརྒྱད་པའི་ཐེངས་བཞི་པ་དང་ལྔ་པའི་སྙིང་དོན།རྫོང་ཨུའི་སྐབས་བཅུ་པའི་ཐེངས་གསུམ་པ་དང་བཞི་པའི་སྙིང་དོན་བརྒྱུད་བསྒྲགས་སྒྲོག་སྦྱོང་བྱས་ཤིང་། གཞི་རིམ་ལས་བྱེད་པས་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་དངོས་སྒྲུབ་བྱས་ཏེ་ཡིད་འཕྲོག་འཆམ་མཐུན་བདེ་སྐྱིད་ཀྱི་ཉག་རོང་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ།སྙིང་དོན་དང་རེ་འདུན་གཙོ་བོར་བྱེད་དགོས་པ་དང་། སྲིད་ཁྲིམས་ལས་བྱེད་པས་ཁྲིམས་ལུགས་ལ་བརྟེན་ནས་ཉག་རོང་འཛུགས་སྐྲུན་བྱ་རྒྱུ་གཙོ་བོར་བྱེད་པ། བླ་སྤྲུལ་གྱིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཕྲོད་པར་གཙོ་བོར་བྱེད་དགོས་པ་བསྟན་པ་རེད།
     ཐེངས་འདིའི་སྒྲོག་འགྲེལ་བྱས་པ་བརྒྱུད་རྒྱ་ཆེའི་ཆོས་ལུགས་ལས་རིགས་པ་རྣམས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་།  སྤྱི་དམངས་ཀྱི་ལྟ་བ།  བཅའ་ཁྲིམས་ཀྱི་ལྟ་བ་བཅས་མཐོ་རུ་གཏོང་བ་ལ་ཕན་འབྲས་ཡག་པོ་ཐོབ་ཡོད།
  • ལེ་ཚན་སྔོན་མ།:ཝུའུ་ཅིང་ཕིང་གིས་པི་ཧྲི་ཞང་གི་ཁྱིམ་མི་ལ་བདེ་འདྲི་ཞུས།
  • ལེ་ཚན་རྗེས་མ།:ཞིང་ཆེན་མང་ཚོགས་ལས་ཀའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།