ཝུའུ་ཅིང་ཕིང་གིས་པི་ཧྲི་ཞང་གི་ཁྱིམ་མི་ལ་བདེ་འདྲི་ཞུས།

བདེ་སྐྱིད་ཀྱིས་བསྒྱུར།        2014-04-28

 ཟླ་བ4པའི་ཚེས19ཉིན། རང་ཁུལ་དུ་རྟོག་ཞིབ་གནང་ཡོང་བའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝུའུ་ཅིང་ཕིང་ཆེད་དུ་གཞུང་དོན་དུ་ཚེ་ལས་འདས་པའི་སྔོན་དཀར་མཛེས་ཁུལ་གྱི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱས་མྱོང་བའི་བློ་མཐུན་པི་ཧྲི་ཞང་གི་ཁྱིམ་མིར་བདེ་འདྲི་ཞུས་སར་ཕེབས་པ་རེད།
    ཝུའུ་ཅིང་ཕིང་གིས་ཞིངཆེན་ཏང་ཨུ་དང་ཞིངཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གི་ཚབ་ཞུས་ནས་བློ་མཐུན་པི་ཧྲི་ཞང་གི་ཁྱིམ་མིར་འཚམས་འདྲིའི་མ་དངུལ་དང་འཚམས་འདྲིའི་དངོས་རིགས་སྤྲོད་པ་མ་ཚད། ད་དུང་ཞིང་ཆེན་ཏང་ཨུས་པི་ཧྲི་ཞང་གི་ཁྱིམ་མིར་སེམས་ཁུར་བྱམས་བརྩེ་གནང་བ་མཚོན་ཡོད་ཅིང་། ཁྱིམ་མིས་པི་ཧྲི་ཞང་གི་ལས་ཀར་སྒེར་སེམས་མེད་པར་ལེགས་སྐྱེས་སུ་འབུལ་བར་བཀའ་དྲིན་ཆེ་ཞུས་པ་རེད།
    ཝུའུ་ཅིང་ཕིང་གིས་གསུངས་དོན། བློ་མཐུན་པི་ཧྲི་ཞང་གཞུང་དོན་དུ་ཚེ་ལས་འདས་རྗེས། ཀྲུང་དབྱང་གི་འགོ་ཁྲིད་དང་སི་ཁྲོན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་སེམས་ཁུར་ཧ་ཅང་ཆེན་པོ་གནང་ཡོད་པ་རེད། པི་ཧྲི་ཞང་གིས་སྔོན་ཐོན་བྱས་རྗེས་སྤྱི་ཚོགས་ཡོངས་སུ་ཁྱབ་སྟེ་ཆེས་ཡག་ཤོས་ཀྱི་ལས་བྱེད་པ་ཞེས་པའི་མཚན་སྙན་གནང་ཡོད་པ་རེད། ཞིང་ཆེན་ཏང་ཨུས་བློ་མཐུན་པི་ཧྲི་ཞང་ལ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་ཕུལ་བྱུང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མཚན་སྙན་རྗེས་སྤྲོད་གནང་ཡོད་པ་མ་ཚད། ད་དུང་ཞིང་ཆེན་ཡོངས་སུ་བློ་མཐུན་པི་ཧྲི་ཞང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་ཡོད། དེ་ནི་ཞིང་ཆེན་ཏང་ཨུས་དཀར་མཛེས་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་དཔུང་སྡེར་ཁས་ལེན་གདེང་འཇོག་བྱས་པ་ཞིག་རེད།
   ཝུའུ་ཅིང་ཕིང་གིས་གསུངས་དོན། བློ་མཐུན་པི་ཧྲི་ཞང་གི་མི་ཚེ་ཧྲིལ་པོ་ནི་བོད་ཁུལ་ལ་རྩ་བ་ཟུག་པ། ཁོང་གིས་དུས་ནམ་ཡང་ཏང་དང་མང་ཚོགས་ཀྱི་ལས་དོན་སེམས་ནང་གཙོ་གནད་ཆེ་སར་བཞག་པ། ཏང་དང་མེས་རྒྱལ།མི་དམངས་བཅས་ལ་དགའ་བར་བྱས་ཏེ་དར་ཆ་གསལ་པོའི་སྒོས་ཁ་བྲལ་ལ་ངོརྒོལ་བྱེད་པ་དང་། བདེ་འཇགས་སྲུང་སྐྱོང་། མཐུན་སྒྲིལ་ཡོང་བར་སྐུལ་འདེད་བཏང་སྟེ་གངས་ལྗོངས་མཐོ་སྒང་དུ་ཚེ་སྲོག་གིས་ཏང་ལ་བསམ་པ་རྣམ་དག་ཚད་མེད་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་དངོས་དོན་གཉེར་བ།སྤྱོད་གཙང་བྱེད་པའི་མི་ཚེའི་བྱས་རྗེས་བཞག་ཡོད། ང་ཚོས་ངེས་པར་དུ་བློ་མཐུན་པི་ཧྲི་ཞང་མིག་དཔེ་བྱས་ཏེ་བློ་མཐུན་པི་ཧྲི་ཞང་གིས་མི་དམངས་ལ་བརྩེ་དུང་བཅངས་པ་དང་། དངོས་དོན་གཉེར་བ། རང་གཅུན་བྱེད་པའི་སྤྱོད་བཟང་ལ་སློབ་སྦྱོང་དང་དར་སྤེལ་གཏོང་དགོས། ནན་པོ་གསུམ་དང་དོན་འཁྱོལ་གསུམ་གྱི་བླང་བྱ་ལྟར། ལྔ་བཟང་གི་ལས་བྱེད་པ་ཞིག་བྱས་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་གྱི་བྱ་བ་སྒྲུབ་པར་བྱས་རྗེས་དེ་བས་ཆེན་པོར་འཇོག་དགོས།
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གི་མང་ཚོགས་ཁྲི་གཉིས་ལྷག་གི་འཐུང་ཆུ་རག་དཀའ་བའི་ལོ་རྒྱུས་མཇུག་སྒྲིལ།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པའི་གཅིག་བསྡུས་སྒྲོག་འགྲེལ་ཚོགས་འདུ་
  • དོ་སྣང་ཆེ་བའི་རྩོམ།