ཞིང་ཆེན་མང་ཚོགས་ལས་ཀའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་དར་མདོར་འཚོགས།

ཡེ་ཤེས་མགོན་པོས།        2014-04-28

  ཟླ་བ4པའི་ཚེས18ཉིན་གྱི་སྔ་དྲོར།ཞིང་ཆེན་མང་ཚོགས་ལས་ཀའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་པ་བཞི་པས་དར་མདོའི་ཟློས་གར་ཁང་དུ་རང་ཁུལ་གྱི་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་ལ་གསོན་ཉམས་ལྡན་པའི་མང་ཚོགས་ལས་ཀའི་སྔོན་ཐོན་དཔེར་སྟོན་གྱི་སྒྲོག་འགྲེལ་སྙན་ཞུ་ཞུས་པ་རེད།
    སྙན་ཞུ་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་འཐུས་མི་དང་།རྒྱལ་ཡོངས་གཞོན་ནུ་ལྔ་བཞིའི་བྱ་དགའ་ཐོབ་མཁན།རྒྱལ་ཡོངས་གསུམ་བརྒྱད་དར་དམར་འཛིན་མཁན།ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན།ལིའང་ཧྲན་ཁུལ་ལུའེ་པའོ་རྫོང་ཏ་ཕིང་ཙི་ཤང་ལྟེ་གནས་སློབ་ཆུང་གི་འགོ་འཛིན་པ་མར་ཅན་ཞཱ།རོང་བྲག་རྫོང་སྤྲོ་སྣང་ཤང་རྫོང་རྙིང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི།དཀར་མཛེས་ཁུལ་མང་ཚོགས་ལས་ཀའི་དམངས་གཅེས་གྲོང་སྡེ་རྩ་འཛུགས་ཀྱི་ཧྲུའུ་ཅི་ཤེས་རབས་རྒྱལ་མཚན།རྔ་བ་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན།འབར་ཁམས་རྫོང་པད་དབང་ཤང་ཏང་ཨུའི་ཧྲུའུ་ཅི་ཕན་པིང་། ལེ་ཧྲན་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན།ལེ་ཧྲན་གྲོང་ཁྱེར་གྱི་ཕུལ་བྱུང་གཞོན་ནུ།ཨའོ་པེན་དབྱི་རིགས་རང་སྐྱོང་རྫོང་དབྱང་ཁའོ་ཤང་ལྟེ་གནས་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཧན་ཆུང་དབྱིན་བཅས་ཀྱིས་ཁག་དབྱེ་ནས་གསོན་ཉམས་ལྡན་པའི་དོན་དངོས་ཐོག་ནས་རང་ཉིད་ཀྱི་ལས་གནས་སུ་ལངས་ཏེ་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པའི་སྔོན་ཐོན་བྱས་རྗེས་བཤད་པ་རེད།ཧུའོ་ལི་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་དམག་ལུའོ་ལིང་གིས་སྔར་དུག་འགོག་རུ་ཆེན་གྱི་རུ་དཔོན་ཏུའུ་ཕིང་གི་སྔོན་ཐོན་བྱས་རྗེས་བཤད་པ་དང་།པི་ཏ་ཡིས་གསོན་ཉམས་ལྡན་པའི་དོན་དངོས་ཐོག་ནས་དེའི་སྔོན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཀྲང་།སི་ཁྲོན་ཞིང་ཆེན་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་མཁན་གྱི་ཕུལ་དུ་བྱུང་བའི་འགོ་ཁྲིད་ལས་བྱེད་པ།དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བློ་མཐུན་པི་ཧྲི་ཞང་གི་སྔོན་ཐོན་མཛད་རྗེས་སྙན་ཞུ་བྱས་པ་རེད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་སྐབས་ནན་གསུང་གནང་རྒྱུར།ཁུལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལས་བྱེད་པ་ཚོས་སྔོན་ཐོན་མི་སྣ་ཡིས་མིག་དཔེ་བྱས་ནས་ཡོད་ཚད་འབུལ་བའི་ཆོད་སེམས་ཡོད་དགོས།ཁྱོན་ཡོངས་ཀྱི་འདུ་ཤེས་ཀྱིས་ཤུགས་བསྒྲིམ་ས་བྱས་ནས་དཀར་མཛེས་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་།དམངས་འཚོ་བཅས་ལ་སྐུལ་སྤེལ་བྱེད་དགོས།འགྱུར་བ་མེད་པའི་ཡིད་ཆེས་བརྟན་པོ་བཅངས་ནས་སྔོན་ཐོན་དཔེ་བཟང་གི་བླ་ན་མེད་པའི་སེམས་པས་སྐུལ་སློང་བྱས་ཏེ་བློ་སེམས་གཅིག་བསྒྲིམ་གྱིས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་དགོས།
  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་ཚོགས་པའི་གཅིག་བསྡུས་སྒྲོག་འགྲེལ་ཚོགས་འདུ་
  • ལེ་ཚན་རྗེས་མ།:རྟའུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཤིང་འཛུགས་ལས་ཀར་བྲེལ།
  • དོ་སྣང་ཆེ་བའི་རྩོམ།