བདེ་ཆེན་ཁུལ་གྱིས་ལས་བྱེད་མི་སྣ1317ལྷག་དགོན་པ་དང་སྡེ་བར་སོང་ནས“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཕ་ཡུལ་སྐྲུན་པར་སྐུལ་འདེད་བྱེད་པའི”བྱ་འགུལ་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-03-19

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་བཀོད་སྒྲིག་དང་བླང་བྱ་ལྟར།  ཁུལ་ཡོངས་ནས་ལས་བྱེད1317“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཕ་ཡུལ་སྐྲུན་པར་སྐུལ་འདེད་བྱེད་པའི”བྱ་འགུལ་ནང་མངགས་པ་དང་།  ཚང་མ་སྡེ་བ་སོ་སོ་དང་དགོན་སྡེ་སོ་སོ་རུ་སོང་ནས་བྱ་འགུལ་སྤེལ་འགོ་བརྩམས། ཐེངས་འདིའི“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེས་སྡུག་གི་ཕ་ཡུལ་སྐྲུན་པར་སྐུལ་འདེད་བྱེད་པའི”བྱ་འགུལ་ལས་ཁུལ་ཡོངས་ནས་ཐིན་རིམ་པའི་འགོ་ཁྲིད44དང་ཁྲུའུ་རིམ་པའི་འགོ་ཁྲིད213།  ལས་བྱེད་གཞན་དག1060བཅས་མངགས་ཡོད་ལ།ཇུས་གཞི་ལས་ཤང་གཅིག་ནས་ཐིན་རིམ་པའི་འགོ་ཁྲིད་ཀྱི་མཛུབ་སྟོན་ཚན་ཆུང་གི་འགོ་གཙོ་འགན་ཁུར་དགོས་པ་དང་།  སྡེ་བ་སོ་སོ་དང་དགོན་སྡེ་སོ་སོ་ནས་ཁྲུའུ་རིམ་པའི་ལས་བྱེད་པའི་བྱ་བའི་ཚན་ཆུང་གི་ཚོགས་གཙོ་ཡི་འགན་ཁུར་དགོས་པ།  སྡེ་བ་སོ་སོ་དང་དགོན་སྡེ་སོ་སོ་རུ་ལས་བྱེད་རུ་ཁག་གཅིག་རེ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་ལག་བསྟར་བྱས། 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་རྒྱ་བོད་སྐད་གཉིས་སློབ་གསོ་སྤེལ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་ཟས་རིགས་ལྟ་སྐུལ་ཅུའུ་ཡིས“3·15”དྲིལ་བསྒྲགས་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།