2021-04-20
 འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཡུན་ནན་ཞིང་ཆེན་གྱི་རྨོ་ཞིང་ལ་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་གཏན་འགོག་གིས་འབྲུ་རིགས་ཐོན་སྐྱེད་བརྟན་དུ་གཏོང་བའི་ལས་དོན་ཇུས་གཞི》བཏོན་ནས་རྨོ་ཞིང་ལ་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་གཏན་འགོག་གིས་འབྲུ་རིགས་ཐོན་སྐྱེད་བརྟན་དུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།《ཇུས་གཞིའི》ནང་། ས་ཁུལ་ཁག་གིས་འབྲུ་རིགས་བདེ་འཇགས་དེ་ཉིད“ཞིང་གསུམ”ལས་དོན་གྱི་ལས་འགན་ཨང་དང་པོར་བརྩི་བ་དང་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་སྔོན་འགྲོར་བརྩིས་ཏེ་རྨོ་ཞིང་གི་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་ངང་སྤྱོད་པ་དང་། རྨོ་ཞིང་ལ་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་བརྟན་དུ་དང་མཐོ་རུ་གཏོང་བ། འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་ཞིང་ཞོར་ཐོན་ཟོག་གལ་ཆེན་མཁོ་སྤྲོད་ནུས་ལྡན་ཐུབ་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་འབྲུ་རིགས་འདེབས་ཁྱོན་ཆུང་དུ་མི་འགྲོ་བ་དང་། ཐོན་ནུས་མཐོ་རུ་གཏོང་བ། ཐོན་འབབ་མི་ཆག་པ་བཅས་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད།
   《ཇུས་གཞིའི》ནང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ལམ་ལུགས་ནན་ཤོས་མཐའ་འཁྱོངས་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་བྱེད་སྐབས་རིམ་ཁག་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་བརྟན་དུ་བཏང་ནས་ཐབས་མང་མཉམ་སྤྱོད་ཀྱིས་རྨོ་ཞིང་སྲུང་སྐྱོབ་ལས་དོན་སྒྲུབ་ཤུགས་ཆེ་རུ་དང་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”ལ་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་བཏང་སྟེ་རྨོ་ཞིང་གི་སྲུང་སྐྱོབ་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། གཞུང་ཁོངས་ས་ཆ་འཆར་འགོད་ལ་དོ་དམ་ཚོད་འཛིན་དང་སྤྱོད་གོར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་ནགས་ས་དང་སྐྱེད་ཚལ་སོགས་ཞིང་སྤྱོད་ས་ཆ་གཞན་དུ་བསྒྱུར་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ལ་སྲུང་སྐྱོབ་ནན་པོ་བྱས་ཏེ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ལ་གཏན་འཁེལ་ཕྱིན་ཚན་པ་དང་མི་སྒེར་གང་རུང་གིས་རང་དགར་བཟུང་སྤྱོད་དམ་ཡང་ན་སྤྱོད་གོ་གཞན་ལ་སྒྱུར་མི་ཆོག་པའི་བླང་བྱ་བཏོན་ཡོད།
    《ཇུས་གཞིའི》ནང་། འབྲུ་རིགས་བདེ་འཇགས་ཀྱི་སྲིད་འཛིན་འགོ་ཁྲིད་པའི་འགན་འཁུར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་ཁག་སྲིད་གཞུང་གིས་ས་གནས་དེ་གའི་འབྲུ་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་རྨོ་ཞིང་ལ་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་གཏན་འགོག་བྱ་རྒྱུ་དེ་འབྲུ་རིགས་བདེ་འཇགས་ཀྱི་སྲིད་འཛིན་འགོ་ཁྲིད་པའི་འགན་འཁུར་ལམ་ལུགས་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པའི་ནན་བཤད་བྱས་ཡོད།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ