བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གཏིང་ཟབ་བྱེད་འགོ་བརྩམས།

    ཀྲུང་གོ་བོད་ཀྱི་དྲ་བ།    2019-04-04

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས1ཉིན། བདེ་ཆེན་ཁུལ་བཟོ་སྐྲུན་ལས་རིགས་ཀྱིས་སྤྱིར་བཏང་ཁྲལ་འཇལ་བའི་ཁེ་ལས་ལ་སྔ་ཕྱི་བྱས་ནས་ཁྲལ་འཇལ་ཚད13%ཡིན་པའི་འཛིན་ཡིག་སྤྲད་ཅིང་། འདིས་བདེ་ཆེན་གྱི་ཁྲལ་བསྡུས2019ལོའི་གནས་ཐང་འཕར་བའི་ཁྲལ་བསྡུ་བཅོས་བསྒྱུར་གཏིང་ཟབ་བྱས་པའི་གོམ་པ་དང་བོ་སྤོས་པ་མཚོན་པ་རེད།

    ཟླ3པའི་ཚེས20ཉིན། ཙུང་ལི་ལིས་ཁི་ཆིང་གིས་རྒྱལ་སྲིད་སྤྱི་ཁྱང་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། གནས་ཐང་འཕར་ཁྲལ་དང་ཁྲལ་ཆག་གི་ཆ་སྒྲིག་བྱེད་ཐབས་གསལ་བོ་བསྟན་ཞིང་། ཟླ3པའི་ཚེས21ཉིན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། སྒོ་ཁྲལ་སྤྱིའི་སྒྲིག་བཀོད་བཅས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་བྱས་ནས《གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་འབྲེལ་ཡོད་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས།སྒོ་ཁྲལ་སྤྱིའི་སྒྲིག་བཀོད་བཅས་ཀྱི2019ལོར་སྤྱི་བསྒྲགས་བྱས་པའི་ཡིག་ཆ་ཨང་རྟགས་དང་བོ)ཡོངས་བསྒྲགས་བྱས་པ་མ་ཟད། དུས་མཚུངས་སུ་གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་ཡོངས་བསྒྲགས་བྱས་ཤིང་། གནས་ཐང་འཕར་ཁྲལ་བཅོབ་བསྒྱུར་གཏིང་ཟབ་བྱེད་པའི་ཡོལ་རས་ཕྱེས་པ་རེད།

    གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གཏིང་ཟབ་བྱེད་པ་ནི2019ལོའི་གཞི་རྒྱ་ཆེ་བའི་ཁྲལ་ཆག་རིན་ཆག་གི་ལས་གཞི་གལ་ཆེན་ཞིག་ཡིན་ལ། ཁེ་ལས་ཀྱི་འགན་འཁྲི་ཇེ་ཡང་དང་ཁྲོམ་རའི་གསོན་ཤུགས་སྐྱེད་པའི་བྱེད་ཐབས་གཙོ་བོ་ཞིག་དང་། ཁྲལ་གྱི་ལམ་ལུགས་འཐུས་ཚང་དང་ཡོང་འབབ་བགོ་བཤའི་རྣམ་པ་ལེགས་བཅོས་བྱེད་པའི་བཅོས་བསྒྱུར་གཙོ་བོ་ཞིག་ཡིན་ལ། སྤྱི་ཁོག་སྲིད་ཇུས་ཀྱིས་བརྟན་འཇགས་འཕར་སྣོན་དང་ལས་ཞུགས་འགན་ལེན། སྒྲིག་གཞི་ལེགས་བཅོས་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཐག་གཅོད་དང་འདེམས་ག་གལ་ཆེན་ཞིག་ཡིན་པ་རེད། 

    བདེ་ཆེན་ཁུལ་ཁྲལ་དོན་མ་ལག་གིས་གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་གལ་ཆེའི་དོན་སྙིང་ལ་རྒྱུས་ལོན་གང་ལེགས་བྱས་ཤིང་། བདེ་ཆེན་བོད་ཁུལ་གྱི་གཞི་རྩའི་དོན་དངོས་དང་འབྲེལ་ནས་ཏན་ཏིག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་སྲིད་ཇུས་ལག་ལེན་གཅིག་གྱུར་ཡོང་བ་བྱེད་དེ། ཚད་མཐོའི་ཆབ་སྲིད་ཀྱི་ཐད་ནས་བཤད་ན། གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གཏིང་ཟབ་བྱེད་པ་དེ་དོན་འཁྱོལ་ཡག་པོ་ཐུབ་པ་དང་། ཏན་ཏིག་གིས་དངོས་གཞི་དཔལ་འབྱོར་གྱི་ཁྲལ་སྤྲོད་འགན་འཁྲི་ཇེ་ཡང་དུ་བཏང་བ་དེ་ལས་དོན་ཀུན་གྱི་གལ་ཆེའི་ནང་གི་གནད་ཆེར་བཞག་ཅིང་། ཝང་ཅུན་ཅུས་ཀྲང་གིས་“དངོས་དོན་བཞི་”དང་“ཏན་ཏིག་བཞི་”ཡི་བླང་བྱ་ལྟར། དངོས་དོན་ལས་བསྒྲུབ་དང་ཏན་ཏིག་ལག་བསྟར་གྱིས་ཇི་མ་ཇི་བཞིན་དུ་ལག་བསྟར་དམ་འཛིན་བྱས་ནས། བདེ་ཆེན་བོད་ཁུལ་གྱི་ཁེ་ལས་དང་མི་དམངས་མང་ཚོགས་ལ་དངོས་པ་དོན་གྱི་ཐོབ་པའི་ཚོར་བ་ཡོད་པར་བྱེད། །


  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཞི་རིམ་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་གྱིས་བོད་ལུགས་གསོ་རིག་བྱ་གཞག་དར་འཕེལ་ལ་འགན་ལེན་བྱེད་པའི་ཁྲིམས་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།