ཀྲུང་གོ་བོད་ཀྱི་དྲ་བ། 2019-01-26
    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཡུན་རིང་གི་མཁྲེགས་གཏོར་ལས་འགན་ཞིག་ཏུ་བརྩིས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱས་ནས་མི་དམངས་མང་ཚོགས་ཀྱི་“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་གཙོ་བོ་“ཐོན་སྐྱེད”དང་“དོ་དམ”ཕྱོགས་གཉིས་སུ་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལས་ཀའི་འགན་འཁྲི་ཁག་ལག་བསྟར་ཏན་ཏིག་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་སྤུས་ཚད་བདེ་འཇགས་བྱེད་ཐབས་ཇེ་དྲག་གཏོང་བ། ལྟ་སྐུལ་དོ་དམ་མིང་ཐོའི་ཐོ་འགོད་དང་ཡིད་རྟོན་ཡིག་ཚགས་འཛུགས་པ་ཁྱབ་སྤེལ་བྱེད་དགོས། སྔོ་ཚལ་དང་བཟའ་བྱའི་ཤ་མོའི་རིགས་ཀྱི་གཙོ་བོའི་ཐོན་སྐྱེད་སྡེ་ཚན་(འདེབས་འཛུགས་དུད་ཆེན་དང་། ཁྱིམ་དུད་ཞིང་ར། མཉམ་ལས་ཁང། ཀུང་སི)གཙོ་གནད་དུ་བཟུང་སྟེ། ཡུལ་དངོས་བརྟག་དཔྱད་བྱས་ནས100% ཡིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ཡི་གེ་འཇོག་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཉེན་བརྡ་གཏོང་བའི་ལྟ་ཞིབ་ཏན་ཏིག་ངང་སྤེལ་ནས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་ཟོན་ནན་པོ་བྱེད་པ། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་གཏན་འགོག་ཚོད་འཛིན་བྱས་པའི་ཞིང་སྨན་སྤྱོད་པ་དང་། ཞིང་སྨན་བདེ་འཇགས་བར་མཚམས་འཇོག་དུས་སོགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། ངེས་པར་དུ་ཞིབ་བཤེར་ཚད་ལེན་ཚད་ལྡན་ཡིན་ཚེ། ད་གཟོད་ཚོང་རྭར་བཙོངས་ཆོག་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཡོང་བའི་ལྟ་ཞིབ་ཚད་ལེན་གྱི་འཆར་གཞི་གཏན་འབེབས་ལག་བསྟར་བྱེད་པ། ལྟ་ཞིབ་ཚད་ལེན་བྱེད་ཁོངས་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྡེ་ཚན་དང་ཉོ་སྒྲུབ་གསོག་འདྲེན་ཁེ་ལས་སུ་ཁྱབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར། གྲོང་ཁྱེར་ཡོངས་སུ་བསྡོམས་པས་སྔོ་ཚལ་དང་ཤིང་ཏོག2057འཐེན་བཤེར་བྱས་པ་དང་། དེའི་ཁྲོད་ཞིབ་བཤེར་ཚད་ལེན་གྱིས་ཚད་གཞི་ལོན་གྲངས2052དང་ལུགས་མཐུན་གྱི་ཚད99.76%ཡིན་པ་རེད། །
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ