སྐལ་ཐུབ་ཀྱིས་བྲིས། 2021-04-02
བདེ་ཆེན་བོད་ཁུལ་དུ་གསར་འགྱུར་འཕྲིན་སྦྱོར་ཁྱབ་སྒྲོག་འཕེལ་རྒྱས་བྱུང་བ།
རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་ཐོག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བགྲོ་གླེང་གྲོས་ཚོགས་ཀྱི་དངོས་བྲིས། (བདུན།)
2020ལོའི་སྤྱི་ཟླ8པའི་ཚེས2ནས6ཉིན་བར་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་ཞུགས་འཕྲིན་སྦྱོར་ལས་ཁུངས་བདུན་གྱིས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་ཤིང་། དེ་ལས་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པད་མ་ཚེ་རིང་གིས་བདེ་ཆེན་བོད་ཁུལ་དུ་གསར་འགྱུར་འཕྲིན་སྦྱོར་ཁྱབ་སྒྲོག་འཕེལ་རྒྱས་བྱུང་བ་ཞེས་པ་ཁ་བྱང་བྱས་ནས་གཏམ་བཤད་བྱས་པ་རེད།
གཅིག། བདེ་ཆེན་ཁུལ་གྱི་བོད་ཡིག་འཕྲིན་སྦྱོར་གྱི་བཀོད་བབ་གླེང་བ།
1995ལོའི་ཟླ་བ3པར་ཡུན་ནན་བོད་རིགས་ས་ཁུལ་གྱི་བོད་ཡིག་ཚགས་པར་དང་པོ་སྟེ《བདེ་ཆེན་བོད་ཡིག་ཚགས་པར》དཔེ་སྐྲུན་བྱས་ཤིང་། 2011ལོའི་ཟླ་བ་དང་པོའི་ཚེས1ཉིན《བདེ་ཆེན་བོད་ཡིག་ཚགས་པར》དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། ཟླ་བ5པར་བོད་ཡིག་ཚགས་པར་གྱི་པར་གཞི་བཟོ་བཅོས་བྱས་ཏེ་གཞི་ཤོག་ཆུང་ངུ་ནས་ཆེན་པོ་དང་ཚོན་དཀར་ནག་ནས་ཚོན་ཁྲ་ཅན་དུ་བསྒྱུར་པ་དང་། གཟའ་འཁོར་རེ་ལ་ཚགས་པར་ཐེངས་རེ་ཡོད་ཅིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཚོགས་ཆེན་དང་བྱེད་སྒོ་གལ་ཆེན་ཡོད་ཚེ་གཟའ་འཁོར་རེར་ཚགས་པར་ཐེངས་གཉིས་ཡོད། བོད་ཡིག་ཚགས་པར་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་སྣང་ཆེན་བྱས་ཤིང་། བོད་ཀྱི་རྩོམ་རིག་དང་། སྒྱུ་རྩལ། ལུས་རྩལ། གསོ་རིག ཆོས་ལུགས། དམངས་སྲོལ་བཅས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་བདེ་ཆེན་ཁུལ་གྱི་བོད་རིགས་ཞིང་འབྲོག་པ་དང་དགེ་འདུན་པ་ཚོའི་ཆེས་སྙིང་ཉེ་ཤོས་ཀྱི་གྲོགས་པོར་གྱུར་ཡོད། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་ཚགས་པར་ཐོག་གནས་ཚུལ་སྤེལ་བ་མཐོང་རྗེས་རྒྱལ་ནང་དུ་ལོག་ནས་ལས་ཞུགས་དང་ལས་གཏོད་བྱས་པ་རེད། 2012ལོར《བདེ་ཆེན་བོད་ཡིག་ཚགས་པར》ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ24དང་བོད་ཡིག་སློབ་གཉེར་བྱེད་བཞིན་ཡོད་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ། སྲིད་གཞུང་སྡེ་ཚན་ཁག བོད་རིགས་འདུས་སྡོད་ཀྱི་ཡུལ་ཤོག་དང་གྲོང་སྡེ། འབྲེལ་ཡོད་མི་སྣ་སོགས་ལ་ཁྱབ་པ་དང་། ལོ་ཧྲིལ་པོར་ཚགས་པར་འབུམ3ལྷག་ཙམ་རིན་པ་མི་དགོས་པ་སྤྲད་ཅིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཚོགས་ཆེན་དང་བྱེད་སྒོ་གལ་ཆེན་ཡོད་ཚེ་གཟའ་འཁོར་རེར་ཚགས་པར་ཐེངས་གཉིས་ཡོད། བོད་ཡིག་ཚགས་པར་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་སྣང་ཆེན་བྱས་ཤིང་། བོད་ཀྱི་རྩོམ་རིག་དང་། སྒྱུ་རྩལ། ལུས་རྩལ། གསོ་རིག ཆོས་ལུགས། དམངས་སྲོལ་བཅས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་བདེ་ཆེན་ཁུལ་གྱི་བོད་རིགས་ཞིང་འབྲོག་པ་དང་དགེ་འདུན་པ་ཚོའི་ཆེས་སྙིང་ཉེ་ཤོས་ཀྱི་གྲོགས་པོར་གྱུར་ཡོད། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་ཚགས་པར་ཐོག་གནས་ཚུལ་སྤེལ་བ་མཐོང་རྗེས་རྒྱལ་ནང་དུ་ལོག་ནས་ལས་ཞུགས་དང་ལས་གཏོད་བྱས་པ་རེད། 2012ལོར《བདེ་ཆེན་བོད་ཡིག་ཚགས་པར》ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ24དང་བོད་ཡིག་སློབ་གཉེར་བྱེད་བཞིན་ཡོད་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ། སྲིད་གཞུང་སྡེ་ཚན་ཁག བོད་རིགས་འདུས་སྡོད་ཀྱི་ཡུལ་ཤོག་དང་གྲོང་སྡེ། འབྲེལ་ཡོད་མི་སྣ་སོགས་ལ་ཁྱབ་པ་དང་། ལོ་ཧྲིལ་པོར་ཚགས་པར་འབུམ3ལྷག་ཙམ་རིན་པ་མི་དགོས་པ་སྤྲད་ཡོད། 《བདེ་ཆེན་བོད་ཡིག་ཚགས་པར》དེ་བདེ་ཆེན་ཁུལ་དང་ཐ་ན་ཡུན་ནན་ཞིང་ཆེན་གྱི་བོད་ཡིག་ཀློག་དེབ་གཙོ་ཆེ་ཤོས་སུ་གྱུར་ཡོད། 2019ལོའི་ཟླ་བ12པའི་བར་གསར་འགོད་པ་དང་རྩོམ་སྒྲིག་པ7བསྡུས་ཏེ་བོད་ཡིག་འཕྲིན་སྦྱོར་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།
1997ལོའི་ཟླ་བ10པར་དུས་ཡུན་སྐར་མ་ལྔ་ཡི་བོད་སྐད་གསར་འགྱུར་ལེ་ཚན་གསར་དུ་བཏོད་ཡོད། གསར་འགྱུར་ལེ་ཚན་ཡག་པོ་གཉེར་བ་དང་དུས་མཉམ་དུ། བོད་སྐད་འཕྲིན་ལམ་གྱིས་ད་དུང《མེ་ཏོག་པད་གསར》དང《བོད་སྐད་སློབ་ཁྲིད་ཁང་》《གངས་ལྗོངས་གླུ་གཞས་དོ་ར》སོགས་གསན་པ་པོའི་གདེང་འཇོག་ཆེན་པོ་ཐོབ་པའི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་གཉེར་ནས་བོད་རིགས་ཞིང་འབྲོག་པ་དང་། གྲོང་ཁུལ་གྱི་ལས་བྱེད་པ། གྲྭ་བཙུན་བཅས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་ཡོད།
བདེ་ཆེན་བརྙན་འཕྲིན་ཁང་བོད་སྐད་གཟུགས་ལམ་དེ2005ལོའི་ཟླ་བ12ཚེས20ཉིན་བཙུགས་པ་དང་འབྲེལ2006ལོའི་ཟླ6ཚེས1ཉིན་ལ་དངོས་སུ་བཏང་ནས་བདེ་ཆེན་གྱི་རྒྱ་ཆེ་བའི་བོད་རིགས་ཞིང་འབྲོག་མང་ཚོགས་ལ་དགའ་བསུ་རྒྱ་ཁྱབ་ཐོབ་པའི་ལེ་ཚན་ཕུལ་བ་རེད། 2010ལོ་ནས་བཟུང་། བདེ་ཆེན་བརྙན་འཕྲིན་སྔར་ཡོད་ལེ་ཚན་གྱི་རྨང་གཞིའི་ཐོག《ང་དང་མཉམ་དུ་བོད་སྐད་སྦྱོང་》དང་། 《སེམས་ཀྱི་ཉི་ཟླའི་གར་སྟེགས》《སེམས་ཀྱི་ཉི་ཟླའི་དམངས་ཁྲོད》《བརྙན་འཕྲིན་ལྷུག་རྩོམ》《ཤམ་བྷ་ལ་ཟློས་གར་ཁང་》བཅས་ལེ་ཚན5གསར་སྣོན་བྱས་ཡོད། 2012ལོའི་ལོ་མཇུག་ཏུ་བདེ་ཆེན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་དང་བདེ་ཆེན་བརྙན་འཕྲིན་ཁང་གཉིས་བདེ་ཆེན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ཟླ་སྒྲིལ་བཏང་བ་དང་། ཁྱོན་བསྡོམས་གསར་འགོད་པ་དང་རྩོམ་སྒྲིག་མི་སྣ100ལྷག་ཙམ་ཡོད་པའི་ནང་བོད་ཡིག་གསར་འགོད་པ་དང་རྩོམ་སྒྲིག་མི་སྣ20ལྷག་ཙམ་ཡོད། བརྙན་འཕྲིན་ལེ་ཚན《བཅའ་ཁྲིམས་ཤེས་བྱ》དང་། 《བདེ་ཐང་དང་འཕྲོད་བསྟེན》《ཞིང་འབྲོག་ཚན་རྩལ》 《སེམས་ཀྱི་ཉི་ཟླའི་ཉམས་འགྱུར》སོགས་གསན་པ་པོའི་གདེང་འཇོག་བཟང་པོ་ཐོབ་པའི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ཡང་བཟོས་ཡོད་པ་རེད།
2013ལོའི་ཟླ་བ5ཚེས5ཉིན་ཡུན་ནན་བོད་རིགས་ས་ཁུལ་གྱི་བོད་ཡིག་དྲ་བ་ཐོག་མ་སྟེ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲྭ་སྒོ་ཕྱེ་བ་དང་། བོད་ཡིག་དྲ་བ་དང་། བོད་ཡིག་གྲངས་གཞིའི་ཚགས་པར། བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་མ་ལག་བཅས་གཞི་གཅིག་ཅན་གྱི་འཕྲིན་སྦྱོར་ཀུན་འདུས་སུ་གྱུར་ཡོད། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་ཆབ་སྲིད་ཀྱི་སྐབས་དོན་གསར་འགྱུར་སོགས་ལེ་ཚན8དང་ཡན་ལག་ལེ་ཚན33བཙུགས་ཡོད། དེའི་ཁྲོད《མཛེས་པར་མྱོང་ཚོར》ལ3Dལག་རྩལ་སྤྱད་དེ་པར་རིས་ཀྱི་གསལ་ཚད་དང་མིག་དབང་འགུགས་ཤུགས་ཆེ་རུ་བཏང་ཡོད། བོད་ཡིག་གྲངས་གཞིའི་ཚགས་པར་ནི་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་རྒྱལ་སྤྱིའི་ཐོག་ཐུན་མོང་ཐོག་སྤྱོད་པའི་བོད་ཡིག་ཚད་གཞི་སྤྱོད་པའི་གྲངས་གཞིའི་ཚགས་པར་ཐོག་མ་དེ་ཡིན་ཞིང་། དེས་དྲྭ་ཐོག་ནས་ལྟ་ཐུབ་པ་དང་། མཉམ་སྤྱོད་བྱེད་ཐུབ་པ། འདྲ་བཟོ་བྱེད་ཐུབ་པ་བཅས་བྱུང་ནས་སྲོལ་རྒྱུན་གྱི་བོད་ཡིག་གྲངས་གཞིའི་ཚགས་པར་གྱི་པར་རིས་རྐྱང་པའི་ཆ་འཕྲིན་གྱི་རྣམ་པར་འགྱུར་ལྡོག་ཕྱིན་ནས་བོད་རིགས་ས་ཁུལ་ཁག་གི་ཚགས་པར་ཁང་བར་གྱི་རྩོམ་ཡིག་ཆ་འཕྲིན་སྤེལ་རེས་དེ་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད། ལྟ་མཁན་ཡང་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད།
《བདེ་ཆེན་བོད་ཡིག་ལག་ཐོགས་ཁ་པར་ཚགས་པར》2015ལོའི་ཟླ་བ11ཚེས་26ཉིན་བཟོས་ནས་ལས་བྱེད་པ་དང་། ཞིང་པ། སློབ་མ། གྲྭ་བཙུན་སོགས་ཁྱབ་ཁོངས་མི་འདྲ་བའི་ཀློག་པ་པོ་ཆིག་སྟོང་ཙམ་ལ་རིན་མེད་ངང་ལྟ་ཀློག་བྱ་རྒྱུར་སྤྲད་ཅིང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་ཡང་འཕྲིན་སྦྱོར་ཀུན་འདུས་ཀྱི་ཕྱོགས་སུ་དགའ་འོས་པའི་གོམ་པ་ཞིག་སྤོས་ཐུབ་ཡོད།
བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་འཕྲིན་སྦྱོར་མཉམ་འདྲེས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2015ལོའི་ཟླ་བ4ཚེས1ཉིན《བདེ་ཆེན་ཉིན་རེའི་ཚགས་པར་གྱི་འཕྲིན་སྦྱོར》གྱི་འཕྲིན་ཕྲན་སྤྱི་སྟེགས་སྤྱོད་མགོ་ཚུགས་པ་དང་། ལོ་དེའི་ཟླ་བ6ཚེས15ཉིན《བདེ་ཆེན་བོད་སྐད་འཕྲིན་སྦྱོར》གྱི་འཕྲིན་ཕྲན་སྤྱི་་སྟེགས་སྤྱོད་མགོ་ཚུགས་ཡོད། དུས་རབས་གསར་པའི་ཀློག་པ་པོར་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་དེ་ལས་ཀའི་བླང་བྱ་ཞིག་ཏུ་བརྩི་བ་དང་། རྩོམ་ཡིག་གདམ་པ་དང་སྤྱོད་པའི་ཐད་ཤུགས་ཆེན་བརྒྱབ་སྟེ། གཅིག་ནི་ས་གནས་དེ་གའི་སྣ་མང་རིག་གནས་དྲིལ་བསྒྲགས་བྱ་རྒྱུ་གཙོ་བོར་བྱས་ནས། བདེ་ཆེན་གྱི་ཁྱད་ཆོས་གླུ་གར་དང་། བཟའ་བཏུང་། གྱོན་གོས། བཟོ་རྩལ་སོགས་ཐད་སྔ་དེང་ཞིབ་བསྡུར་དང་རྒྱུན་འཛིན་དར་སྤེལ་སོགས་ཀྱི་རྩོམ་ཡིག་བདམས་ཡོད། གཉིས་ནི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་ག་དང་། རྒྱལ་སྤྱི་རྒྱལ་ནང་། མཐའ་འཁོར་བོད་རིགས་ས་ཁུལ་བཅས་ཀྱི་གསར་འགྱུར་གལ་ཆེན་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་གསལ་འགྲེལ་དང་དེ་བཞིན་གནས་ཚུལ་སྤྲོ་སྣང་ལྡན་པ་དང་གསར་པ་གཏོང་སྤེལ་ཡག་པོ་བྱེད་པ། གསུམ་ནི་བོད་རིགས་ས་ཁུལ་གྱི་འཚོ་བའི་ཁོར་ཡུག་དང་འཚོ་བའི་གོམས་གཤིས་དང་ཟུང་འབྲེལ་བྱས་ཡོད། 2017ལོའི་ཟླ་བ3པར་བདེ་ཆེན་གྱི་བོད་ཡིག་འཕྲིན་སྦྱོར་ལས་གཞི་ལ་ཀྲུང་གོའི་ཚགས་པར་ལས་རིགས་ཀྱི་གསར་གཏོད་ལས་གཞི་སྐབས་དང་པོའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་རེད།
2017ལོའི་བདེ་ཆེན་གྱི་ཚོགས་ཆེན་གཉིས་རིང་ལ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྔ་སྣུར་དུ་ཇུས་འགོད་བྱས་ནས་ཡི་གེ་དང་། བརྙན་ལམ། པར་རིས། ཡུལ་ལྗོངས་ཧྲིལ་པོའིVRབཅས་མཉམ་འགུལ་གྱི་བྱེད་སྟངས་སྤྱད་ནས་བདེ་ཆེན་ཉིན་རེའི་ཚགས་པར་གྱི་འཕྲིན་སྦྱོར་འཕྲིན་ཕྲན་སྤྱི་སྟེགས་སུ་ཚོགས་ཆེན་གཉིས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཐད་གཏོང་བྱས་པས། རྡེབ་ཚད་ཁྲི27ལྷག་ལ་ཟིན་ཡོད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་ཡང་ཐོབ་ཡོད། 2019ལོའི་ཟླ་བ3པར་བདེ་ཆེན་གྱི་བོད་སྐད་འཕྲིན་ཕྲན་སྤྱི་སྟེགས་སུ་རྒྱལ་དམ་བོད་སྐད་ཀྱི་སྒྲ་ལམ་ལེ་ཚན་བསྣན་ཞིང་། དེའི་ནང་དོན་ནི་བོད་རིགས་ཀྱི་རིག་གནས་དང་། སྤྱི་ཚོགས། དམངས་འཚོ་སོགས་གཙོ་བོར་བྱས་ནས་གཟའ་འཁོར་རེ་ལ་ཐེངས་རེ་བཏང་བས་བོད་ཡིག་འཕྲིན་སྦྱོར་ལ་ལྟ་ཉན་བྱེད་མཁན་གྱིས་རྒྱ་སྐད་མི་གོ་བ་དང་བོད་ཡིག་མི་ཤེས་པའི་དངོས་ཡོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
2016ལོའི་ཟླ་བ8ཚེས17ཉིན་བདེ་ཆེན་ཁམས་པའི་བོད་སྐད་རླུང་འཕྲིན་གློག་བརྙན་སྒྱུར་བཟོ་ལྟེ་གནས་སྤྱོད་འགོ་ཚུགས་པར་བརྒྱུད། རླུང་འཕྲིན་དང་བརྙན་འཕྲིན་སྒྲིག་བཟོའི་ནུས་པ་ཆེ་རུ་ཕྱིན་ནས་དྭངས་གསལ་ཅན་དང་། གྲངས་འཛིན་ཅན། དྲ་བ་ཅན་བཅས་མངོན་འགྱུར་བྱུང་བ་དང་། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཡོད་པ་རེད།
2017ལོའི་ཟླ་བ6ཚེས18ཉིན་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བོད་རྒྱ་སྐད་གཉིས་ལག་ཐོགས་ཁ་པར་གྱི་མགྲོན་སྣེ་སྟེ་སེམས་ཀྱི་ཉི་ཟླའིAPPདངོས་སུ་སྤྱོད་མགོ་ཚུགས་པ་དང་། མགྲོན་སྣེ་དེའི་ནང་དོན་ལ་གླེང་མང་བའི་གསར་འགྱུར་དང་། འཚོ་བའི་ཆ་འཕྲིན། ཡུལ་སྐོར་རིག་གནས། དཔྱད་གཏམ་སྤེལ་རེས་བཅས་ཚང་མ་ཡོད་པར་མ་ཟད། ད་དུང་པར་རིས་དང་། ཡི་གེ། བརྙན་ལམ་བཅས་ཟུང་དུ་འབྲེལ་བའི་རྣམ་པ་མངོན་ཡོད། སེམས་ཀྱི་ཉི་ཟླའི་བོད་ཡིག་མགྲོན་སྣེAPPལ་སྐབས་དོན་ཆབ་སྲིད་དང་། རིག་གནས། སྐྱེ་ཁམས། བརྙན་པར་སོགས་ནང་དོན་ཆེན་པོ་བཞི་ཚུད་ཡོད། དེ་ལས་མང་ཚོགས་ཀྱིས་འཕྲལ་དུ་བདེ་ཆེན་ཁུལ་གྱི་དབང་གྲགས་ཆེ་ཤོས་དང་། ཕུན་སུམ་ཚོགས་ཤོས། དུས་ཐོག་ཡིན་ཤོས། ཡུལ་དངོས་ཡིན་ཤོས། སྟབས་བདེ་ཤོས་བཅས་ཀྱི་གསར་འགྱུར་ཆ་འཕྲིན་རྒྱུས་ལོན་ཐུབ་ཅིང་། དུས་དང་རྣམ་པ་ཀུན་ཏུ་ཆ་འཕྲིན་སྣ་ཚོགས་འདྲི་རྩད་དང་བློ་འདྲི་ཐུབ་ཀྱི་ཡོད་པ་རེད།
མགྲོན་སྣེAPPབསྐྲུན་ཟིན་རྗེས་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ཚགས་པར་དང་། དྲ་བ། མགྲོན་སྣེ། འཕྲིན་ཕྲན། པོད་འཕྲིན། ལག་ཐོགས་ཁ་པར་གྱི་གསར་འགྱུར། འཁྱུག་དབྱིངས་བཅས་གཙོས་པའི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཁྱབ་སྒྲོག་ལིང་ཚེ་སྟེགས་བུ་ཁྱོན་ཡོངས་ཅན་དང་ལངས་གཟུགས་ཅན་ཞིག་རགས་ཙམ་ཆགས་ཡོད་པར་བརྟེན། གཙོ་རྒྱུན་གསར་འགྱུར་འཕྲིན་སྦྱོར་གྱི་བརྒྱུད་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བདེ་ཆེན་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་སྲིད་འབྱོར་རིག་བཅས་ཀྱི་འཕེལ་རྒྱས་གནས་ཚུལ་ནུས་ལྡན་ངང་དྲིལ་བསྒྲགས་བྱེད་ཐུབ་པ་ཁག་ཐེག་བྱས་ཡོད།
གཉིས། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མྱོང་ཚོར།
པད་མ་ཚེ་རིང་གིས་ལྟར་ན། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ལྡོག་མེད་དུ་གྱུར་ཅིང་། བོད་ཡིག་འཕྲིན་སྦྱོར་ཡང་དུས་བསྟུན་མདུན་སྐྱོད་ཀྱིས་དེའི་རྗེས་ཟིན་པར་བྱ་དགོས། སྲོལ་རྒྱུན་གྱི་ཚགས་པར་ཡིན་ནའང་འདྲ། གསར་དར་གྱི་འཕྲིན་སྦྱོར་གསར་པ་ཡིན་ནའང་འདྲ། ཀློག་པ་པོའི་དགའ་བསུ་ཐོབ་པ་ནི་འཕྲིན་སྦྱོར་གྱི་སྲོག་རྩ་ཡིན་ཞིང་། སྲོག་རྩ་དེའི་རྒྱུན་སྐྱོང་ཐུབ་མིན་ནི་འཕྲིན་སྦྱོར་གྱི་ནང་དོན་ལ་རག་ལས་པ་དང་། དེ་ཡང་མཐར་ཐུག་སྟེ་བཤད་ན་ཤེས་ལྡན་མི་སྣ་ལ་རག་ལས་པ་རེད། དེང་རབས་འཕྲིན་སྦྱོར་ཀུན་འདུས་ཀྱི་བླང་བྱ་དང་འཚམ་པའི་འཆད་རྩོམ་སྒྲིག་གསུམ་ལ་མཁས་པ་དང་། རྩིས་འཕྲུལ་དང་ལག་ཐོགས་ཁ་པར་གྱི་ཤེས་བྱ་ཁོང་དུ་ཆུད་པ། པར་དང་བརྙན་ལེན་གྱི་ལག་རྩལ་ལ་བྱང་ཆུབ་པ། གསར་འགྱུར་དང་ལེ་ཚན་ཇུས་འགོད་ཀྱི་བསམ་ཕྱོགས་གསལ་བ་ཡོད་པ། གླེང་ཕྱོགས་ཁྲིད་སྟོན་ཡང་དག་པ་བྱེད་ཐུབ་པ་བཅས་ཀྱི་འཕྲིན་སྦྱོར་གྱི་ཤེས་ཡོན་ལག་རྩལ་ཀུན་འདུས་ཀྱི་དཔུང་སྡེ་ཞིག་འཛུགས་གང་ཐུབ་བྱ་དགོས། དེ་ནས་བོད་འབྲེལ་ས་ཁུལ་གྱི་འཕྲིན་སྦྱོར་སྡེ་ཚན་ཁག་གིས་གོང་ནས་འོག་དང་འོག་ནས་གོང་བར་ཐོན་ཁུངས་མཉམ་སྤྱོད་ཀྱི་ཐོགས་མེད་བགྲོད་ལམ་ཞིག་བསྐྲུན་ནས་གསར་འགྱུར་དང་རིག་གནས་ཁྱབ་སྒྲོག་ཐད་ལ་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་དགོས། བོད་འབྲེལ་ས་ཁུལ་གྱི་ལྟ་ཉན་བྱེད་མཁན་ལ་དམིགས་ནས་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་ཏེ་གཙོ་རྒྱུན་འཕྲིན་སྦྱོར་གྱི་ཡིད་རྟོན་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས། ཁྱབ་སྒྲོག་བྱེད་ཤུགས་བཅས་ཆེ་གཏང་དགོས་སོ།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10