བདེ་ཆེན་ཁུལ་གྱིས་རྒྱ་བོད་སྐད་གཉིས་སློབ་གསོ་སྤེལ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-03-17

བདེ་ཆེན་ཁུལ་གྱིས་རྒྱ་བོད་སྐད་གཉིས་སློབ་གསོ་སྤེལ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ནག་ཆུ་སློབ་ཆུང་དུ་བོད་རིགས་སློབ་མ་ཚོས་བོད་སྐད་ཡིག་སློབ་ཁྲིད་སྟེང་དཔེ་ཆ་ཀློག་བཞིན་པ།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  ས་དེའི་སློབ་གྲྭ་ཆུང་འབྲིང་མང་ཆེ་ཤས་སུ་བོད་སྐད་ཡིག་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པ་དང་།  བྱིས་པ་ཚོར་རྨང་གཞི་ཤེས་བྱ་སློབ་ཁྲིད་བྱས་ཏེ་བོད་སྐད་ཡིག་ཁྱབ་གདལ་དུ་བཏང་།  སྔར་ལས་ལྷག་པར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་ཆེད།  བདེ་ཆེན་ཁུལ་གྱིས་འཆར་འགོད་ལྟར་རྗེས་མར་ཅུང་འཐུས་ཚང་ཡིན་པའི་བོད་རྒྱ་སྐད་གཉིས་སློབ་གསོ་མ་ལག་གསར་སྐྲུན་བྱེད་རྒྱུ་ཡིན་པ་མ་ཟད།  ད་དུང་བོད་ཡིག་ཡིག་གཟིགས་དང་བོད་མི་རིགས་ལག་ཤེས་རི་མོ།  བོད་ཀྱི་རིག་གནས་སྣེ་ཤན་པ་སོགས་སློབ་ཁྲིད་བཀོད་སྒྲིག་བྱས་པ་བརྒྱུད།  ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱེད་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བྱས་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་ལས་བྱེད་མི་སྣ1317ལྷག་དགོན་པ་དང་སྡེ་བར་སོང་ནས“ལས་བྱེད་སྟོང་ལྷག་གཞི་རིམ་དུ་སོང་ནས་མཛེ
  • དོ་སྣང་ཆེ་བའི་རྩོམ།