བདེ་ཆེན་ཁུལ་གྱིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བྱས་པ།
པད་མ་མཚོ། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-03-14
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་ཁུལ་བཟོ་ལས་དང་ཆ་འཕྲིན་ཨུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར་རང་ཁུལ་གྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱི་ཁྲོམ་ར་ཞན་པ་དང་ཁེ་ལས་ཀྱི་མ་དངུལ་འབྲེལ་མཐུད་མི་འདང་བ། ཕན་འབྲས་མར་འབབ་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་སེལ་ཏེ། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་བརླིང་ཁྲོད་ཡར་འཕར་བ་དང་། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གོམ་པ་བརྟན་པོའི་ངང་སྐུལ་འདེད་བྱས་ནས། བཟོ་ལས་ཀྱི་འཕར་ཚད་དང་བཟོ་ལས་སྡེ་ཁུལ་གྱི་འཛུགས་སྐྲུན། ནུས་སྲི་གྲོན་འཕྲི། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་ཕྱོགས་ལྔ་ནས་ཕན་འབྲས་ལེགས་པོ་ཐོབ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2013ལོར་ཁུལ་ཡོངས་ཀྱི་བཟོ་ལས་འཕེལ་ཚད25%འཕར་ཡོད་པ་དང་། འདིའི་ཁྲོད་དུ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕེལ་ཚད་དུང་ཕྱུར17.9ལེགས་འགྲུབ་བྱུང་བ་དང་20%འཕར་བ། ལས་གཉེར་གཙོ་བོའི་ཡོང་སྒོ་སྒོར་དུང་ཕྱུར34.15ལེགས་འགྲུབ་བྱུང་བ། ཁེ་སྤོགས་དང་དཔྱ་ཁྲལ་གྱི་དམིགས་འབེན་སྒོར་དུང་ཕྱུར2.5ལེགས་འགྲུབ་བྱུང་བ། འདིའི་ཁྲོད་དུ། གལ་ཆེའི་རྣམ་གྲངས31གིས་སྒོར་དུང་ཕྱུར24.18ལེགས་འགྲུབ་བྱུང་ཡོད་པ་དེ། གློག་མིན་བཟོ་ལས་མ་འཇོག་གི90%ཟིན་ཡོད་པ་རེད། ལོ་འདིའི་ནང་དུ། ཁུལ་ཡོངས་ཀྱིས་རིམ་པ་སོ་སོ་དང་རིགས་སོ་སོའི་སྡེ་ཁུལ་གྱི་གཞི་རྩའི་དགོས་ཆས་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི5920བཀོད་སྒྲིག་བྱས་ཡོད་ལ། སྡེ་ཁུལ་གྱི་གཞི་རྩའི་དགོས་ཆས་དང་མཉེན་པའི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་རེད། ལོ་ཡོངས་སུ་སེམས་ཀྱི་ཉི་ཟླ་རྫོང་བཟོ་ལས་སྡེ་ཁུལ་གྱི་བཟོ་ལས་སྤྱིའི་ཐོན་འབབ19.9%འཕར་བ་དང་ལས་གཉེར་གཙོ་བོའི་ཡོང་འབབ28.8%འཕར་བ།
གློག་མིན་བཟོ་ལས་མ་འཇོག48.9%འཕར་བ། ཁེ་ལས་གསར་བའི་ཁྱིམ་ཚང10གསར་སྣོན་བྱས་པས་སྡེ་ཁུལ་དུ་ཞུགས་པའི་ཁྱིམ་ཚང་ཁྱོན་བསྡོམས52ལ་ཟིན་པ། སྡེ་ཁུལ་གྱི་བཟོ་ལས་དེ་ཁུལ་ཡོངས་བཟོ་ལས་ཀྱི40%ཟིན་པ། སྐད་ཚག་མདོག་ཡོད་ལྕགས་རིགས་བཟོ་ལས་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད། སྔོན་རྩིས་ལྟར་ན་ལོ་ཡོངས་སུ་བཟོ་ལས་མ་འཇོག་སྒོར་དུང་ཕྱུར15.1ལེགས་འགྲུབ་བྱས་པ། ཕུ་ལམ་སྐབས་དང་པོའི་རྣམ་གྲངས་ཀྱི་དུས་འགོའི་ལས་ཀར་འཕེལ་རྒྱས་ཡོད་པ། འཇོལ་རྫོང་རྒུན་འབྲུམ་ཁྱད་ལྡན་ཐོན་ལས་ཁུལ་སྤྱིའི་འཆར་བཀོད་དེ་ཞིབ་དཔྱད་དུས་རིམ་དུ་སླེབས་ཡོད།
དོན་དངོས་སུ་ཁེ་ལས་ཀྱིས་གཙང་དག་ཐོན་སྐྱེད་དང་ནུས་བསྲི་གྲོན་འཕྲི། ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་སོགས་བྱས་ནས། བཟོ་ལས་སྔོ་ལྗང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ། ལོ་མཇུག་བར་དུGDPཡི་ནུས་ཁུངས་ཟད་གྲོན1.3%མར་འབབ་པའི་དམིགས་འབེན་ལེགས་འགྲུབ་བྱས་པ།
དམངས་གཉེར་དཔལ་འབྱོར་དང་ཆུང་འབྲིང་ཁེ་ལས་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་བཏང་བ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ཁྱིམ་ཚང་དང་ལས་གཉེར་མི་སྣ། ཐོ་འགོད་མ་རྩ་བཅས་སོ་སོར14.25%དང19.69% 16.5%འཕར་ཡོད་ལ། མགྱོགས་མྱུར་གྱིས་འཕར་བ་མངོན་འགྱུར་བྱུང་བ། ཁུལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་འཕར་ཚད་དང་ཁྲལ་འཇལ་བའི་དངུལ་སོ་སོ་སྒོར་དུང་ཕྱུར56དང་དུང་ཕྱུར4.5ལེགས་འགྲུབ་བྱུང་ཡོད་ལ་བརྟན་པོའི་ངང་འཕེལ་རྒྱས་བྱུང་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད། ཆུང་འབྲིང་ཁེ་ལས་མ་དངུལ་སྡུད་རྒྱུག་ཞབས་ཞུའི་ལས་དོན་གསར་བརྒལ་བྱུང་ཡོད་དེ། ལོ་འདིའི་ནང་དུ་སྲིད་གཞུང་གིས་དངུལ་ཁང་དང་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་། དངུལ་རྩའི་ལས་ཁུངས5དང་ཁེ་ལས41བར་མ་དངུལ་སྒོར་དུང་ཕྱུར22.37གྱི་དངུལ་བུན་གཡར་གཏོང་གི་ཆིངས་ཡིག་བཞག་པ་རེད།
ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཕན་འབྲས་ལེགས་པོ་ཐོབ་པ། 2013ལོར་ཁུལ་ཡོངས་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས་སྔོན་རྩིས་ལྟར་ན་ཡོང་འབབ་སྒོར་དུང་ཕྱུར3.02ལེགས་འགྲུབ་བྱུང་ཡོད་པ་དེ10.88%འཕར་བ། ཁུལ་ཡོངས་ཀྱི་འཕྲིན་གཏོང་འོད་སྐུལ་གྱི་སྤྱིའི་རིང་ཚད་སྤྱི་ལེ8802ཡིན་ལ། འཕྲིན་གཏོང་དང་IPTV བརྙན་འཕྲིན། འཕྲིན་སྦྲེལ་དྲ་བའི་བེད་སྤྱོད་བྱེད་མཁན་འབོར་ཆེན་འཕར་ཡོད་པ་རེད། ཤང་སྲིད་གཞུང་29ཡི65%ལ6Mཡན་གྱི་འོད་སྐུད་ཤོང་ཆེའི་དྲ་རྒྱ་འཐེན་ཡོད་པ་རེད། ཡུན་ནན་བོད་ཁུལ་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནས་སྐོར་རིག་གནས་ཀྱི་སྤོ་བདེ་གློག་རྡུལ་ཚོང་དོན་བཟོ་སྐྲུན་འཛུགས་སྐྲུན་རྣམ་གྲངས་དེ་བཟོ་ལས་དང་ཆ་འཕྲིན་ཅན2013ལོའི་གློག་རྡུལ་ཚོང་དོན་གྱི་གཅིག་བསྡུས་གསར་གཏོད་ཚོད་ལྟའི་བཟོ་སྐྲུན་རྣམ་གྲངས་སུ་བཞག་ཡོད་ལ། འདིའི་ཁྲོད་དུས་རིམ་གཅིག་བཟོ་ཚར་ལ་བཀོལ་སྤྱོད་བྱེད་བཞིན་ཡོད་པས།བདེ་ཆེན་གནས་སྐོར་གྱི་སྤུས་ཚད་མཐོར་འདེགས་བཏང་ཡོད་པ་རེད།