སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་གསུམ་ལས་ཀའི་གྲུབ་འབྲས་མངོན་གསལ་ཐོན།
ཚུལ་ཁྲིམས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-03-14
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2013ལོར། སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་གསུམ་ལས་ཀ་ཡག་པོ་བསྒྲུབས་ནས། ཞིང་གྲོང་གི་དཔལ་འབྱོར་མགྱོ གས་ཙམ་འཕེལ་རྒྱས་བྱུང་བར་ཁག་ཐེག་བྱས་པ་རེད།
ལོ་གཅིག་གི་རིང་ལ། སེམས་ཀྱི་ཉི་ཟླ་རྫོང་གིས་ནན་ཏན་གྱིས་ཞིང་ལས་སུ་མ་དངུལ་གཏོང་ཚད་དང་ཞིང་པ་ལས་མིའི་གསོ་སྦྱོང་། ཕ་ཡུལ་དུ་ལོག་པའི་ཞིང་པས་ལས་སྒོ་གསར་འབྱེད་བྱེད་པར་སྐུལ་སློང་གཏོང་བ་བཅས་ཞིང་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཞིང་པའི་ཡོང་སྒོ་རྒྱུན་སྲིང་ཅན་གྱི་ཡར་ཐོན་ཡོང་བར་སྐུལ་ནས། རྫོང་ཡོངས་ཀྱི་ཞིང་ལས་དང་ཞིང་གྲོང་གི་ལས་ཀར་བརྟན་ལྷིང་ངང་འཕེལ་རྒྱས་བྱུང་བའི་རྣམ་པ་ཞིག་ཡོད་པ་རེད། མུ་མཐུད་ནས་ཞིང་ལས་དང་ཞིང་གྲོང་དུ་མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་ནས། ཞིང་ལས་ཀྱི་གཞི་རྩའི་སྒྲིག་ཆས་དག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་གནོད་འཚེར་འགོག་པའི་ནུས་པ་མཐོར་འདེགས་མངོན་གསལ་བྱུང་བ། ནན་ཏན་གྱིས་ཞོད་ཐན་སྔོན་འགོག་དང་ས་ཡོམ་ཟོན་སེལ། ཐོན་སྐྱེད་རང་སྐྱོབ་ལས་ཀ་ཡག་པོ་བསྒྲུབས་པ་རེད། ཞིང་གྲོང་གི་བདེ་འཇགས་ཀྱི་བཏུང་ཆུ་དང་ཞིང་ལས་ཆུ་བེད་ཆུང་གྲས་ཀྱི་འཛུགས་བསྐྲུན་གྲུབ་འབྲས་མངོན་གསལ་ཐོན་ཡོད་པ་རེད། རང་ས་གནས་ཀྱི་གནས་བབ་བཟང་པོ་བེད་སྤྱོད་འདང་ངེས་བྱས་ནས། ཧུར་ཐག་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ། རྡོ་ཐ་དང་། དར་འབུ། མག་ཁ། རྒུན་འབྲུམ། ཞོག་ཁོག སྨན་རྩྭ། ཉི་ཤར་བོད་བྱ། བོད་ཕག་བཅས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་མགྱོ གས་པ་འགྲོ་བ། ཞིང་གྲོང་གི་ངལ་རྩོལ་ལྷག་མ་ཕྱིར་གཏོང་བར་མཐོང་ཆེན་བྱས་ནས། ལས་ཞུགས་ལག་རྩལ་ཐེངས60དང་མི4763ལ་གསོ་སྦྱོང་བྱས་པ་དང་། ཞིང་གྲོང་གི་ངལ་རྩོལ་ལས་མི་ལྷག་མ་མི13918ཕྱིར་འདྲེན་ནས། ལོ་སྟོད་ལས་འགན་གྱི102%བསྒྲུབས་ཚར་བ་རེད། ཤུགས་ཡོངས་འདོན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་པ་འཛུགས་བསྐྲུན་བྱས་ཡོད་དེ། རྣམ་གྲངས་ཁག་གི་མ་དངུལ་སྒོར་ཁྲི1500སྒྲིག་སྦྱོར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་པའི་ཞིང་ཆེན་རིམ་པའི་འཛུགས་བསྐྲུན་ཞིང་གྲོང་གནད་འགག་དང་རྒྱལ་ཁབ་ཀྱིས་གྲོང་ཡོངས་སུ་དབུལ་སྐྱོར་བྱེད་པའི་རྣམ་གྲངས11ལག་ལེན་བསྟར་བ་རེད། མ་དངུལ་སྒོར་ཁྲི4808.59གཏོང་ནས་སྐྱེ་ཁམས་གནས་སྤོའི་ཨར་ལས5བཙུགས་ནས། ཞིང་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་གཏོང་ནས། ལོ་ཧྲིལ་པོར་ཞིང་ལས་མི་གྲངས4679གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་སུ་བསྒྱུར་ནས། ལོ་གཅིག་གི་ལས་འགན་གྱི103.98%བསྒྲུབས་ཚར་བ། སྐྱེ་དངོས་ཐོན་ལས་ལ་འཕེལ་རྒྱས་གཏོང་ནས། ལོ་ཧྲིལ་པོར་སྐྱེ་དངོས་ཀྱི་ཕྱོགས་བསྡོམས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར11.49ལ་ཟིན་ཏེ། 18.58%ཡར་འཕར་བ་རེད། རྫོང་ཡོངས་ཀྱི་ཞིང་ལས་ཀྱི་ཕྱོགས་བསྡོམས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར6.63ལ་ཟིན་ཡོད་དེ། 7.4%ཡར་འཕར་བ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི7.37ལ་ཟིན།