བདེ་ཆེན་ཁུལ་གྱིས“འགྲིམ་འགྲུལ་རིགས་བཞི”དམ་འཛིན་བྱེད་རྒྱུ་ཡིན་པ།
པད་མ་མཚོ། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-03-14
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་ཚོགས་འདུ་ཐོག་གོ་རྟོགས་བྱུང་དོན།བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་ཕྱོགས་བསྡུས་འགྲིམ་འགྲུལ་དང་ཤེས་རབ་འགྲིམ་འགྲུལ། ལྗང་མདོག་འགྲིམ་འགྲུལ། བདེ་འཇགས་འགྲིམ་འགྲུལ་བཅས“འགྲིམ་འགྲུལ་རིགས་བཞིའི”འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་མཆོང་བརྒལ་གསར་བར་མངོན་དུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།
2013ལོའི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་འཆར་གཞི་བརྩོན་ལེན་དང་སླར་གསོ་བསྐྱར་འཛུགས། བོད་ཁུལ་རོགས་སྐྱོར་འཆར་གཞི། ཆེད་གཉེར་རྣམ་གྲངས་འཆར་གཞི། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་དཀྱིལ་གྱི་ལེགས་སྒྲིག རྣམ་གྲངས་དོན་འཁྱོལ་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་ཐོབ་ལ། འགྲིམ་འགྲུལ་ཐང་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར23ལེགས་འགྲུབ་བྱུང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀར་འབྲས་བུ་མངོན་གསལ་ཡིན་པ་རེད།
ད་ལོར་རང་ཁུལ་གྱིས་རྣམ་པ་ངེས་གསལ་དང་དཀའ་ངལ་ཁྱད་གསད་བྱས་ནས་ཧུར་བརྩོན་གྱིས་ད་ལོའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་ཀ་སོ་སོ་ལེགས་འགྲུབ་བྱེད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་བྱ་སྤྱོད་སྒྱུར་བཅོས་ལོ་དང་སྐྱེལ་འདྲེན་དོ་དམ་གྱི་ཁྲིམས་འཛིན་ཞབས་ཞུའི་ལེགས་སྒྲིག་ལོ། བདག་སྐྱོང་སྤུས་ཚད་ཀྱི་མཐོར་འདེགས་ལོ། འགྲིམ་འགྲུལ་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་སྲུང་ལོ། ལམ་དང་ཁོར་ཡུག་སྒྲིག་བཅོས་ལོ་བཅས“བྱ་འགུལ་ལྔ”སྤེལ་ནས། ཁུལ་ཡོངས་ཀྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་འདེགས་སྐྱོར་བྱེད་པ་དང་། རང་ཁུལ་འདི་ཉིད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གོམ་འགྲོས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་བརྟན་བརླིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞི་བཏིང་དགོས་པ་རེད།
2014ལོའི་འགྲིམ་འགྲུལ་ལས་ཀ་ནི་ཞིང་ཆེན་ཡོངས་ཀྱི“འགྲིམ་འགྲུལ་རིགས་བཞིའི”འཛུགས་སྐྲུན་ལ་དམིགས་དགོས་ཏེ། གཅིག་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་དོན་དུ་འཁྱོལ་བར་བྱེད་དགོས་ལ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟེ་བ་ངེས་དགོས། གཉིས་ནི་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་“ལོ་གསུམ་མཁྲེགས་གཏོར”འོས་འགན་དམིགས་འབེན་ལ་དམིགས་ཏེ་ལོ་ཡོངས་སུ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར29ཡན་གྱི་འཆར་གཞི་ལེགས་འགྲུབ་བྱུང་དགོས། གསུམ་ནི“འཕེལ་རྒྱས་དང་བརྟན་བརླིང”གཞི་རྩ་གཉིས་བརྟན་དུ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་འཆམ་མཐུན་འཕེལ་རྒྱས་ཀྱི་འབྲེལ་མཚམས་ཡང་དག་འཚོལ་དགོས། བཞི་ནི་བཟོ་སྐྲུན་གྱི་སྤུས་ཚད་དང་སྒྲུབ་ཚད། བདེ་འཇགས་ཐོན་སྐྱེད་དམ་པོ་འཛིན་དགོས། ལྔ་ནི་སྲིད་ཇུས་དང་འཇོན་ཐང་ཅན། འགྲོ་སོང་བཅས་ལ་རམ་འདེགས་བྱེད་པར་བརྩོན་ལེན་བྱས་ནས་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་དགོས། ལྔ་ནི“བྱ་འགུལ་ལྔ”སྤེལ་དགོས་པ་རེད།