འབའ་ལུང་རྫོང་གིས་དུས་ཐོག་ཏུ་གྲངས་ཀ་ཚང་བའི་རྒན་གསོའི་མ་དངུལ་སྤྲད་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-01-03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་རྨང་གཞི་ཡག་པོ་བཏིང་ནས། རྒྱུན་མཐུད་ཀྱིས་རྒན་གསོའི་ཉེན་འགོག་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། དུས་ཐོག་ཏུ་གྲངས་ཚང་གི་རྒན་གསོའི་མ་དངུལ་སྤྲོད་པར་ཁག་ཐེག་བྱས།
རྫོང་འདིས་རྒན་གསོའི་ཉེན་འགོག་འགན་ལེན་རྒྱ་སྐྱེད་པ་དང་འཇལ་བསྡུ་བ། ལག་འགྲིམ་བྱས་པ་སོགས་ཀྱི་རྨང་གཞིའི་ལས་ཀར་དམ་འཛིན་བྱས་ནས། ནན་ཏན་གྱིས་དོ་དམ་ཞབས་འདེགས་བྱེད་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་རྒན་གསོའི་འགན་བཅོལ་མ་ལག་འཐུས་ཚང་དུ་བཏང་བ། དུས་མཚུངས་སུ། རྫོང་དང་ཤང་། གྲོང་རྡལ། ཁྲོམ་ལམ། སྡེ་ཁུལ་བཅས་རིམ་གསུམ་ལྡན་པའི་སྟེགས་བུའི་སྒོ་ནས། ཉེན་འགོག་འགན་ལེན་དུ་ཞུགས་མིའི་གཞི་རྩའི་ཆ་འཕྲིན་གྱི་མཛོད་བཙུགས་ཏེ། སྤྱི་ཚོགས་ཅན་གྱི་དོ་དམ་ཞབས་འདེགས་བྱེད་ཚད་100%ལ་ཟིན་པ་རེད།
མིག་སྔའི་བར་དུ། ཁེ་ལས་ཀྱི་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་མི་སྣ705ལ་གླ་ཕོགས་སྒོར་ཁྲི1379བཏང་བ། ཁེ་ལས་ཀྱི་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོའི་འཆི་མི་ལ་འཆི་གུད་གྱོང་གསབ་རོགས་དངུལ་དང་དུར་འཇུག་མ་དངུལ་སྒོར་ཁྲི16.4སྤྲད་པ། བྱ་བཞག་ལས་ཁུངས་ཀྱི་གན་བཞག་ལམ་ལུགས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ11ལ་གླ་ཕོགས་སྒོར་ཁྲི22.5བཏང་བ། ད་ལོར་གོང་རིམ་ནས་སྙོམ་སྒྲིག་མ་དངུལ་སྒོར་ཁྲི400བརྩོན་ལེན་བྱས་ཤིང་། ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་མི་སྣའི་གླ་ཕོགས་དུས་ཐོག་ཏུ་གྲངས་ཀ་ཚང་བ་གཏོང་ཐུབ་པར་ཁག་ཐེག་བྱས་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་ཆུ་བེད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར5བཏང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་ཀྲུང་གོའི་སྤོ་སྒུལ4Gདྲ་རྒྱའི་འཛུགས་སྐྲུན་སྤེལ་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།