བདེ་ཆེན་ཁུལ་གྱིས་ཆུ་བེད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར5བཏང་བ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-01-03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཆུ་བེད་གོང་འཕེལ་གྱི་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། འབུར་དུ་ཐོན་པའི་སྒོ་ནས་ཆུ་བེད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དོ་དམ་དང་ཞབས་ཞུའི་ལས་ཀ་གནད་དུ་བཟུང་ཞིང་། ཧུར་ཐག་གིས་དམངས་འཚོར་འགན་སྲུང་བྱེད་པ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། དམངས་འཚོར་ལེགས་བཅོས་གཏོང་བ། སྐྱེ་ཁམས་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཆུ་བེད་གོང་འཕེལ་གྱི་རྣམ་པ་གསར་འཛུགས་བྱས་པ་རེད།ཁུལ་ཡོངས་ཀྱིས་ཆུ་བེད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར5.20879བཏང་བ་དང་། ནུས་པ་ཐོན་པའི་སྒོ་ནས་ཆུ་གཏོང་ཐུབ་པའི་རྒྱ་ཁྱོན་མུའུ་ཁྲི1.2གསར་དུ་བསྣན་ཡོད། ས་ཆུ་ཤོར་བ་གཙང་སེལ་བྱེད་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ51ཡོད་པ་དང་། གྲོང་གསེབ་ཀྱི་མི་ཁྲི4ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་རེད། ཐོན་འབབ་དམའ་འབྲིང་གི་ས་ཞིང་མུའུ0.61བསྒྱུར་བཀོད་ལེགས་འགྲུབ་བྱུང་བ་དང་། ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་སྒོར་ཁྲི605བསྡུ་ལེན་བྱས་པ་རེད།
ད་ལོར།  རང་ཁུལ་གྱིས་མུ་མཐུད་ནས་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། གནད་ཆེའི་ཆུ་ཁུངས་ལས་གྲྭའི་འཛུགས་སྐྲུན་དམ་འཛིན་བྱས་ཏེ།   མིག་སྔའི་བར་དུ།  ཡང་ཐང་ཆུ་བེད་འགག་རྩ་ལས་གྲྭའི་བཟོ་སྐྲུན་ལ་རིམ་བསགས་བསྡོམས་རྩིས་བྱས་ན་དངོས་སུ་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར6.33ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར8.132གཏོང་རྒྱུ་ལེགས་འགྲུབ་བྱུང་བ་རེད། དེའི་ཁྲོད་དུ་ད་ལོར་མ་དངུདལ་སྒོར་ཁྲི2.55བཏང་བ་དང་། མིག་སྔར་མགྱོ གས་མྱུར་གྱིས་ཆུ་འགོག་ལས་གྲྭ་དང་། ཆུ་འདྲེན་གློག་འདོན་ལས་གྲྭ། ར་སྐོར་ནང་གི་འགྲིམ་འགྲུལ་ལས་གྲྭ། གཞན་གྱི་ཟུར་གཏོགས་ལས་གྲྭའི་འཛུགས་སྐྲུན་སོགས་སྒྲུབ་བཞིན་པའི་སྒང་ཡིན། ཁང་སི་ཆུ་མཛོད་ལ་དངོས་སུ་འབྱོར་བའི་མ་དངུལ་སྒོར་ཁྲི9349ཡོད་པ་དང་། རིམ་བསགས་བསྡོམས་རྩིས་བྱས་ན་སྒོར་ཁྲི7652གཏོང་རྒྱུ་ལེགས་འགྲུབ་བྱུང་ཡོད། མིག་སྔར་ཆུ་འདྲེན་ཕུག་ལམ་དང་། ར་སྐོར་ནང་དུ་བསྐྱོད་པའི་གཞུང་ལམ་འཛུགས་སྐྲུན་བྱས་ཚར་བ་དང་བཀོལ་སྤྱོད་བྱེད་བཞིན་པའི་སྒང་ཡིན།
ད་ལོར་ཁུལ་ཡོངས་སུ་ཆུ་མཛོད་ཇེ་བརྟན་དུ་གཏོང་བར་མ་དངུལ་སྒོར་ཁྲི1625བཏང་བ་དང་། ཧུར་ཐག་གིས་གོང་རིམ་ནས་ཞིང་གྲོང་འཐུང་ཆུའི་བདེ་འཇགས་ལས་གྲྭའི་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱས་ཏེ། མ་དངུལ་སྒོར་ཁྲི2120གཏོང་བ་ལེགས་འགྲུབ་བྱུང་བ་མ་ཟད། ཞིང་གྲོང་གི་མི་ཁྲི4ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་བཅད་པ་རེད། ལོ་ཧྲིལ་བོར་རྣམ་པ་ཆུང་གྲས་ཀྱི་ཞིང་སའི་ཆུ་བེད་ཐད་མ་དངུལ་སྒོར་ཁྲི5100བཏང་བ་དང་། ཟླ11པའི་བར་དུ་ས་ཆུ་ཤོར་ཚད་རྒྱ་ཁྱོན་སྨི་གྲུ་བཞི་མ57ལེགས་སྒྲིག་གཙང་སེལ་བྱས་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་མང་ཚོགས་དཀའ་ཁག་ཅན་ཁྲི14ལ་སྤྱི་ཚོགས་འགན་སྲུང་ཐོབ་ཡོད་པ།
  • ལེ་ཚན་རྗེས་མ།:འབའ་ལུང་རྫོང་གིས་དུས་ཐོག་ཏུ་གྲངས་ཀ་ཚང་བའི་རྒན་གསོའི་མ་དངུལ་སྤྲད་པ།
  • དོ་སྣང་ཆེ་བའི་རྩོམ།