འབའ་ལུང་རྫོང་གི“བྱིས་པའི་གཞིས་ཁྱིམ”ཐོག་མ་སྒོ་བྱང་བཀལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-12-17

འབའ་ལུང་རྫོང་གི“བྱིས་པའི་གཞིས་ཁྱིམ”ཐོག་མ་སྒོ་བྱང་བཀལ་བ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ12པའི་ཚེས12ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི“བྱིས་པའི་གཞིས་ཁྱིམ”ཐོག་མ་པའོ་ཧུ་གྲོང་རྡལ་ཡོན་ལན་སྡེ་མི་ཨུ་ཡོན་ལྷན་ཁང་དུ་དངོས་སུ་སྒོ་བྱང་བཀལ་བ་དང་། ཡོན་ལན་སྡེ་བའི་བྱིས་པ100ལྷག་ཉིན་དེའི་སྒོ་བྱང་བཀལ་བའི་མཛད་སྒོར་ཞུགས། “བྱིས་པའི་གཞིས་ཁྱིམ”དུ《དོ་དམ་ལམ་ལུགས》འཐུས་ཚང་དུ་བཏང་ཞིང་།  ཡོན་ལན་སྡེ་བའི་སྡེ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིག་གིས་དོ་དམ་བྱེད་བཞིན་ཡོད་ལ། བྱིས་པའི་ཀློག་དེབ་དང་རྩེད་ཆས་སྟོང་ལྷག་བཀོད་སྒྲིག་བྱས་ཡོད་པ་དང་གཟའ་ཟླ་བ་ནས་གཟའ་པ་སངས་བར་བྱིས་པར་སྒོ་འབྱེད་རྒྱུ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་ལོ་རེའི་ལས་རིགས་གསོ་སྦྱོང་ལས་འགན་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།