ཀྲུང་གོ་བོད་ཀྱི་དྲ་བ། 2013-12-17
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས《2013ལོའི་ཡུན་ནན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་འཆར་འགོད》ལས་གཏན་འཁེལ་བྱས་པའི་ལས་རིགས་ལག་རྩལ་གསོ་སྦྱོང་དང་། དམིགས་འབེན་ལས་འགན་སོ་སོ་གསལ་འབྱེད་བྱེད་པར་བདེ་བླག་ངང་ལེགས་འགྲུབ་བྱུང་། སྤྱི་ཟླ11པའི་ཟླ་མཇུག་བར། ཁུལ་ཡོངས་ནས་བསྡོམས་པས་ལས་རིགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སྐབས7དང་མི722གསོ་སྦྱོང་ལ་ཞུགས།
རྒྱུས་ལོན་པ་ལྟར་ན། དཔྱད་ཞིབ་ཚད་བསྡུར་བྱས་པ་བརྒྱུད། མི679ལ་གསལ་འབྱེད་བྱས་ཏེ་ཚད་དང་མཐུན་ཞིང་། དེའི་ནང་དམའ་རིམ་ལས་བཟོ་བ375དང་འབྲིམ་རིམ་ལས་བཟོ་བ122། མཐོ་རིམ་ལས་བཟོ་བ133བཅས་འདུས་པས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དམིགས་འབེན་ལས་འགན130ལེགས་འགྲུབ་འབྱུང་དགོས་པའི103%ལེགས་འགྲུབ་བྱུང་ཞིང་། ལག་རྩལ་ལས་བཟོ་བའི་ལས་རིགས་ལག་རྩལ་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་སོང་ཡོད་པ་མངོན་གསལ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10