བདེ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།

        2013-12-18

སྤྱི་ཟླ12པའི་ཚེས10ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས་ཐེངས་གསུམ་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས་ཤིང་།  རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དང་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱ་འགུལ་ཁྲོད་ཀྱི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།
ཉེ་བའི་ལོ་འགའི་རིང་།  བདེ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོ་བསྒྲེངས་ཤིང་།མི་རིགས་སོ་སོའི“མཉམ་དུ་མཐུན་སྒྲིལ་ཧུར་བརྩོན་བྱེད་པ་དང་།  མཉམ་གཅིག་ཏུ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྐྱོད་པ”ཞེས་མི་རིགས་བྱ་བའི་བརྗོད་དོན་ལ་གཞིར་བཟུང་ནས།  མི་རིགས་མཐུན་སྒྲིལ་དང་མཉམ་གཅིག་ཏུ་སྔོན་ཐོན་གྱི་གྲས་སུ་སྐྱོད་པའི་རྩ་བའི་ལས་འགན་མངོན་འགྱུར་བྱེད་པ་དང་།བློ་སེམས་འགྱུར་མེད་སྒོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ།  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས།རྒྱལ་ཁབ་གྱི་གཅིག་གྱུར་བཅས་ལ་དོ་སྣང་བྱས་པ་བརྒྱུད།  རིགས་སོ་སོའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བསྒྱུར་ཐོབ་པ་དང་།  ཆོས་དད་དང་ཡུལ་སྲོལ་སོགས་ལ་བརྩི་འཇོག་ཐོབ་པ།  ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་ཕན་འབྲས་ཡོད་པའི་སྲུང་སྐྱོང་ཐོབ་པ་དང་།  སྤྱི་ཚོགས་ཀྱི་ལས་དོན་སོ་སོ་ཡར་ངོས་ཟླ་ལྟར་འཕར་བ།  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་པས།  ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས།  སྤྱི་ཚོགས་འཆམ་མཐུན།  ཆོས་ལུགས་ལ་སྒྲིག་སྲོལ་ཡོད་པ།རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་ཐོབ་པའི་རྣམ་པ་ལེགས་པོ་ཞིག་རྒྱུན་འཁྱོངས་བྱས།  ། 
 
  • ལེ་ཚན་སྔོན་མ།:འབའ་ལུང་རྫོང་གི“བྱིས་པའི་གཞིས་ཁྱིམ”ཐོག་མ་སྒོ་བྱང་བཀལ་བ།
  • ལེ་ཚན་རྗེས་མ།:འཇོལ་རྫོང་གི་གཞི་རིམ་ལས་བྱེད་པ45ཧྲང་ཧེ་རུ་སློབ་སྦྱོང་སོང་བ།
  • དོ་སྣང་ཆེ་བའི་རྩོམ།