ཀྲུང་གོ་བོད་ཀྱི་དྲ་བ། 2013-12-02
2013ལོའི་སྤྱི་ཟླ11པའི་ཚེས29ཉིན་གྱི་མཚན་མོའི་དུས་ཚོད8དང་སྐར་མ13སྟེང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ནུབ་བྱང་མཚམས་ཀྱི་སྤྱི་ལེ27བར་ཚད་རིམ4.6གི་ས་འགུལ་བྱུང་ཞིང་། ས་འགུལ་གྱི་གཏིང་ཚད་སྤྱི་ལེ10ཡོད།
ས་འགུལ་བྱུང་རྗེས། སེམས་ཀྱི་ཉི་ཟླ་རྫོང་གིས་འཕྲལ་སྒྲུབ་ཇུས་གཞི་ལག་བསྟར་བྱས་པ་དང་། བྱ་བའི་ཚན་ཆུང་ད་ལྟ་གནོད་ཐེབས་ས་ཁུལ་ལ་སྐྱོད་བཞིན་པའི་སྒང་ཡིན།མིག་སྔར་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ནསེམས་ཀྱི་ཉི་ཟླ་རྫོང་གི་ནེ་ཞི་ཤང་དུ་ས་འགུལ་དྲག་པོ་བྱུང་ཞིང་། སྐ་ཚགས་དང་ཏུན་ཝང་། ཝུའུ་ཅིན་བཅས་ཤང་གསུམ་ནས་ཀྱང་ས་འགུལ་བྱུང་བ་མངོན་གསལ་རེད། ད་ལྟའི་བར་སྡོད་ཁང་རྡུལ་བ་དང་མང་ཚོགས་ཤི་རྨས་ཐེབས་པའི་གནས་ཚུལ་འབྱོར་མེད།
གཞན་ད་དུང་སྤྱི་ཟླ11པའི་ཚེས29ཉིན་གྱི་མཚན་མོའི་དུས་ཚོད8དང་སྐར་མ13སྟེང་། བདེ་ཆེན་རྫོང་དུའང་ཚད་རིམ4.6གི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་སྟོང་སྨི10ལ་ཟིན། ཐེངས་འདིའི་ས་འགུལ་ནི“8.28”ས་འགུལ་བྱུང་རྗེས་བྱུང་བའི་ཚད་རིམ་ཅུང་ཆེ་བའི་ས་འགུལ་རེད།བསྐྱར་འཇུགས་བཀོད་འདོམས་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ས་འགུལ་ལས་སྤངས་རྩི་རོང་གྲོང་རྡལ་གྱི་གློད་ཆད་པ་དང་། བཀོད་འདོམས་པུའུ་ཡིས་མྱུར་ཏུ་སྡེ་བ་རུ་སྡོད་པའི་ལས་བྱེད་ཚན་ཆུང་ལ་བརྡ་སྦྱོར་བཏང་སྟེ། གནས་སྤོར་སྡེ་མི་རྣམས་མྱུར་ཏུ་དམངས་སྡོད་ཁང་པ་ལས་ཕྱིར་སྤར་ནས་སྤྲ་གར་དུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། མིག་སྔའི་བར་བདེ་ཆེན་རྫོང་གི་ཁོངས་སུ་མང་ཚོགས་ཤི་རྨས་ཐེབས་པའི་གནས་ཚུལ་ད་དུང་འབྱོར་མེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10