སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-11-29
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མ་ཝུན་ལུང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ།མ་ཝུན་ལུང་གིས་བསྟན་དོན།ཉེ་བའི་ལོ་འགའི་རིང་ལ།ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀ་གཙོ་བོར་ཚགས་དམ་པོ་གཞིགས་ནས།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིང་ཐང་མ་ལག་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བ་དང་།དགེ་མཚན་ལྡན་ཞིང་ཡར་ཐོན་གྱི་བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ།བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་དམིགས་ཡུལ་ལ་གཞིགས་ནས།ནང་ལ་མིའི་སེམས་གོང་བུར་འགྲིལ་ཞིང་།ཕྱི་ལ་རྣམ་པ་བཞེངས་ཏེ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་།བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་བརླིང་གི་གནས་བབ་ཆེན་མོ་སྲུང་སྐྱོང་བྱེད་པ།དཔལ་འབྱོར་སྤྱི་ཚོགས་ཡག་ཅིང་མགྱོ གས་པོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐད་ལ་གལ་ཆེའི་བྱེད་ནུས་འདོན་སྤེལ་བྱས་པ་དང་།དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།
སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་དུས་སྐབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་སྐོར་ལ།མ་ཝུན་ལུང་གིས་ནན་གྱིས་བཤད་དོན།ལྟེ་བའི་ལས་ཀ་དང་འདུ་ཤེས་འཛིན་སྟངས་ལས་ཀའི་སྐོར་གྱི་གལ་ཆེའི་རྒྱས་བཤད་ལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་།སེམས་ཤུགས་གཅིག་བསྡུས་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ལྷན་དུ།འདུ་ཤེས་འཛིན་སྟངས་ལས་ཀ་དེ་དུས་ཚོད་སྐར་ཆ་གཅིག་ཀྱང་ལྷོད་དུ་གཏོང་རྒྱུ་མེད་པ་དང་།ཕུགས་བསམ་དང་དངོས་ཡོད་ཀྱི་དམིགས་ཡུལ་སྐོར་གྱི་གལ་ཆེའི་རྒྱས་བཤད་ལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་།དྲིལ་བསྒྲགས་བསམ་བློའི་ལས་ཀའི་རྩ་བའི་འགན་འཁྲི་དང་ཤུགས་འཇོག་གནས་དེ་དམ་པོ་འཛིན་ནས།ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་ཡིད་ཆེས་བརྟན་ཏུ་གཏོང་དགོས།ཏང་གཤིས་དང་མི་དམངས་ཀྱི་རང་བཞིན་སྐོར་གྱི་གལ་ཆེའི་རྒྱས་བཤད་ལ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་ཡང་དག་པའི་ཆབ་སྲིད་ཀྱི་བྱེད་ཕྱོགས་དམ་པོ་འཛིན་ནས།ཏན་ཏིག་གིས་ཏང་གི་འདོད་བློ་མཚོན་པ་དང་མི་དམངས་ཀྱི་བསམ་ཚུལ་མཚོན་པ་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།ཀྲུང་གོའི་ཁྱད་ཆོས་དང་རྒྱལ་སྤྱི་བར་བསྡུར་བའི་སྐོར་གྱི་གལ་ཆེའི་རྒྱས་བཤད་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ།ནན་ཏན་གྱིས་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་ལས་ཀ་ཡག་པོ་སྒྲུབ་པ་དང་།བདེ་ཆེན་གྱི་གནས་ཚུལ་ཕྱི་ལ་དྲིལ་བསྒྲགས་ཡག་པོ་བྱེད་དགོས།ཏང་ཡོངས་ཀྱིས་ལག་ལེན་བསྟར་བ་དང་སྡེ་ཁག་གིས་འགན་འཁུར་བའི་སྐོར་གྱི་གལ་ཆེའི་རྒྱས་བཤད་ལ་ཤེས་རྟོགས་གཏིང་ཟབ་བྱས་ནས།ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཏེ།སེམས་ཤུགས་གཅིག་སྒྲིལ་བྱས་ནས་དྲིལ་བསྒྲགས་ཆེན་མོའི་གནས་བབ་ཅིག་ཆགས་སུ་འཇུག་དགོས།
བདེ་ཆེན་ཁུལ་ཏང་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲུང་ཆེན་ལིའུ་ཅ་ཞུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་ལ་རེ་བ་བཏོན་པ་རེད།
བདེ་ཆེན་ཁུལ་ཏང་ཨུའི་རྒྱུན་ཨུའམ།ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་སུའུ་ཡུས་དང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞུའེ་ལིའང་།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སྲུང་ཐའོ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཕིང་བཅས་གྲོས་ཚོགས་སུ་ཞུགས་པ་རེད།
ཁུལ་རིམ་པའི་པུའུ་དང་ཨུ་ལྷན།གཞུང་ལས་ཁང་དང་ཅུས་བཅས་ཀྱི་འགན་འཁུར་བ་དང་།མི་དམངས་ཚོགས་པ་སོ་སོ།ཁུལ་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་སྡེ་ཁག་སོ་སོ།ཞིང་ཆེན་ཁོངས་གཏོགས་བདེ་ཆེན་དུ་བཅའ་སྡོད་སྡེ་ཁག་སོ་སོའི་འགན་འཁུར་བ་དང་།ཁུལ་རིམ་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་སྡེ་ཁག་གི་ཁྲུའུ་རིམ་པ་གཞོན་པའི་(མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན)ཡན་གྱི་འགན་འཁུར་བ་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་པ་དང་།རྫོང་གསུམ་དང་གསར་སྤེལ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཡན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10