སེམས་ཀྱི་ཉི་ཟླ་རྫོང་གིས་ཨེ་ཙི་འགོས་ནད་སྔོན་འགོག་ཤེས་བྱ་སློབ་གྲྭ་རུ་བསྐྱལ།
ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-12-06
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ12པའི་ཚེས1ཉིན་ནི་ཐེངས26པའི་འཛམ་གླིང་གི་ཨེ་ཙི་འགོས་ནད་སྔོན་འགོག་ཉིན་མོ་ཡིན་ལ། ད་ལོའི་ཨེ་ཙི་འགོས་ནད་ཉིན་མོའི་བརྗོད་དོན་ནི“ཚང་མས་དོ་སྣང་བྱས་ཏེ་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པར་ཤུགས་སྣོན་དགོས”ཞེས་པ་དེ་ཡིན། སྤྱི་ཟླ12པའི་ཚེས2ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་དང་པོའི་དཔེ་མཛོད་ཐོག་ཁང་གི་སློབ་ཁང་དུ་སློབ་གྲྭའི་སྨན་པས་སློབ་རིམ་བདུན་པའི་སློབ་མ800ལྷག་ལ་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་ཤེས་བྱ་འཆད་ཁྲིད་བྱས་པ་དང་། དྲིལ་བསྒྲགས་བརྙན་ཕབ་གཏོང་བ་དང་། ཨེ་ཙི་འགོས་ནད་སྔོན་འགོག་ཤེས་བྱ་སྒྲོག་འབྲེལ་བྱེད་པ་སོགས་བྱ་འགུལ་སྤེལ་ནས། རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ལ་རང་ཉིད་ནས་འགོ་བརྩམས་ཏེ་ཚན་རིག་ལ་སློབ་སྦྱོང་བྱེད་དགོས་པ་དང་། བདེ་ཐང་གི་འཚོ་བ་རོལ་སྟངས་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བཏང་།
རྫོང་འདིའི་སློབ་གསོ་ཅུའུ་དང་ནད་ཡམས་སྔོན་འགོག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བ་སློབ་གྲྭ་རུ་སོང་སྟེ་ལྟ་ཞིབ་མཛུབ་སྟོན་བྱས། མཚམས་སྦྱོར་བྱས་པ་ལྟར་ན། སློབ་གྲྭ་འདིས་ད་དུང་སློབ་རིམ་བགོས་ནས་ཨེ་ཙི་འགོས་ནད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། སློབ་མ་ཡོངས་ཀྱི་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་འགན་འཁྲི་དང་ལས་འགན་ཁུར་དགོས་པ་ནན་གྱིས་བསྟན་པ་བརྒྱུད། ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པར་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་བའི་བླང་བྱ་བཏོན།
རྒྱུས་ལོན་པ་ལྟར་ན། རྫོང་འདིའི་སློབ་གསོ་ཅུའུ་ཡིས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ་བ་མ་ཟད། སློབ་གྲྭ་སོ་སོ་རུ་དྲིལ་བསྒྲགས་ནག་པང་སོགས་བཀོད་སྒྲིག་བྱས་ནས། ནུས་ཤུགས་ཡོད་ཚད་ཀྱིས་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས་པར་བསྟན། །