སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་གསེབ་རིག་གནས་ཁང་གི་དོ་དམ་འཐུས་ཚང་དུ་གཏོང་།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-11-26
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ11པའི་ཚེས19ཉིན་ནས་ཚེས20ཉིན་གྱི་བར།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གྲོང་གསེབ་རིག་གནས་ཁང་གི་རྨང་གཞིའི་ལས་དོན་གསོ་སྦྱོང་འཛིན་གྲྭ་ཁུལ་དཔེ་མཛོད་ཁང་དུ་འགོ་ཚུགས་པ།རྫོང་དེ་དང་གསར་སྤེལ་ཆུས་སྲིད་འཛིན་གྲོང་གསེབ་རིག་གནས་ཁང་གི་དོ་དམ་བྱེད་མཁན་དང་།ཁུལ་དཔེ་མཛོད་ཁང་གི་གྲོང་གསེབ་ཞབས་འདེགས་ས་ཚིགས༼ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་གཏོགས་མེད༽ཀྱི་འགན་འཁུར་བ་མི་གྲངས60ཉེ་ཙམ་གསོ་སྦྱོང་དུ་ཞུགས།
ཐེངས་འདིའི་གསོ་སྦྱོང་ནི་སེམས་ཀྱི་ཉི་ཟླ་རྫོང་རིག་གནས་ལུས་རྩལ་དང་རླུང་འཕྲིན་བརྙན་འཕྲིན་ཅུས་དང་ཁུལ་དཔེ་མཛོད་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།དུས་ཡུན་ཉིན2རིང་ལ།ཞིང་ཆེན་དཔེ་མཛོད་ཁང་དང་ཁུལ་དཔེ་མཛོད་ཁང་གི་ཆེད་ལས་མཁས་པ་གཉིས་ཀྱིས་ལས་གྲྭའི་དྲ་བ་ལག་རྩལ་མཉམ་སྤྱོད་དང་། ཞིང་དུད་དཔེ་ཁང་གི་ལས་དོན་ཤེས་བྱ་སོགས་ཀྱི་ཆེད་དོན་འཆད་ཁྲིད་བྱས་པ། གསོ་སྦྱོང་འཛིན་གྲྭའི་ཐོག་ད་དུང་སྔོན་ཐོན་གྱི་ཞིང་དུད་དཔེ་ཁང་དང་།སྔོན་ཐོན་ཞིང་དུད་དཔེ་ཁང་གི་ལས་བྱེད་མི་སྣ་ལ་གཟེངས་བསྟོད་གནང་བ་རེད།
ཤེས་གསལ་བྱུང་དོན།རང་ཁུལ་གྱིས་གྲོང་གསེབ་རིག་གནས་ཁང་126བཙུགས་ཡོད། མིག་སྔར་གཙོ་གཉེར་ལས་དོན་སྡེ་ཁག་གིས་སྣེ་ཁྲིད་བྱས་པའི་འོག ཐོན་ཁུངས་མཉམ་སྤྱོད་ལས་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་བཞིན་ཡོད། ད་ཕྱིན།སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་དུད་དཔེ་ཁང་གི་དོ་དམ་ཆོད་དོན་དང་དཔེ་དེབ་གཡར་ཀློགལམ་ལུགས།དོ་དམ་ལས་བྱེད་པའི་ལས་གནས་ལས་འགན་སོགས་འཐུས་ཚང་དུ་གཏོང་བ་དང་། ཡུལ་མིས་ལྟ་སྐུལ་དང་ལེན་བྱས་ནས། ཞིང་དུད་དཔེ་ཁང་གི་ཆ་འཕྲིན་རྗེས་རེས་སྟེབས་བུ་དང་རིག་གནས་རོལ་རྩེད་གྱི་བྱེད་སྒོ་ལྟེ་གནས་སུ་འཛུགས་རྒྱུ་ཡིན། །