བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་ཀྱི་བཟོ་འགོད་དང་གོང་ཞུའི་ལས་ཀ་སྒྲུབ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-11-26

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ11པའི་ཟླ་དཀྱིལ་གྱི་བར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྣམ་པར་རྒྱལ་བའི་ངང་2013ལོ་འཁོར་གྱི་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་ལེགས་སྒྲིག་དང་། 2014ལོའི་སྔོན་རྩིས་ཀྱི་བཟོ་འགོད་ཞིབ་དཔྱད་བྱེད་པ། ཕྱོགས་བསྡོམས་གོང་ཞུ། ལེགས་བཅོས་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་།
2014ལོ་ནི་རང་ཁུལ་གྱི་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་དོ་དམ་དུ་འཇོག་པའི་ལོ་དང་པོ་ཡིན་པ་དང་། ད་དུང་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་དང་ངེས་རྩིས་ཀྱི་ལས་ཀ་དྲ་རྒྱ་ཅན་གྱི་སྒོ་ནས་བཟོ་འགོད་དང་།ཞིབ་དཔྱད།ཕྱོགས་བསྡོམས་གོང་ཞུ་སོགས་ཉམས་ཞིབ་བྱེད་པའི་ལོ་དང་པོའང་ཡིན།
ནོར་སྲིད་ཐིང་དང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་།འཕྲོད་བསྟེན་ཐིང་གིས་བཏོན་པའི2014ལོ་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་དང་ངེས་རྩིས་བཟོ་འགོད་བྱེད་པའི་ལས་ཀའི་བླང་བྱ་ལ་གཞིགས་ནས། རང་ཁུལ་གྱི་རིམ་པ་ཁག་གི་ནོར་སྲིད་དང་།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན།འཕྲོད་བསྟེན་སོགས་སྡེ་ཁག་དང་ལག་འགྲིམ་ལས་ཁུངས་ཀྱིས་ཆེས་མཐོའི་མཐོང་ཆེན་བྱས་ཤིང་འགོ་ཁྲིད་ཤུགས་ཆེར་གཏོང་བ་དང་སྡེ་ཁག་རྣམས་ཕན་ཚུན་མཉམ་ལས་བྱས་པ་མ་ཟད།ད་དུང་རང་ཁུལ་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་བཟོ་འགོད་ཀྱི་བླང་བྱ་སོ་སོ་དོན་འཁྱོལ་མཐར་ཕྱིན་བྱས། རྨང་གཞིའི་གཞི་གྲངས་ཀྱི་འཚོལ་བསྡུ་དང་། ལེགས་སྒྲིག སྔོན་རྩིས།དབྱེ་ཞིབ་ཀྱི་ལས་ཀ་ཡག་པོ་སྒྲུབ་པ།ཏན་ཏིག་གིས་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་འཆར་ཟིན་བཟོ་འགོད་དང་ཞིབ་དཔྱད། ཕྱོགས་བསྡོམས་བཅས་བྱས་ནས། རང་ཁུལ་གྱི་སྤྱི་ཚོགས་ཉེན་སེལ་ཐེབས་རྩའི་སྔོན་རྩིས་ནང་དོན་བདེན་ཞིང་ཆ་ཚང་བ་དང་།གཞི་གྲངས་ཚན་རིག་ཅན་གྱི་རང་བཞིན་ལྡན་པ་དང་ལུགས་མཐུན་ཡིན་པ།བཟོ་འགོད་ཀྱི་གསལ་བཤད་གསལ་པོ་ཡིན་པ།སྔོན་རྩིས་ཀྱི་བརྟན་གཞི་འདང་ངེས་ཡིན་པ།སྔོན་རྩིས་ཀྱི་བརྒྱུད་རིམ་མངོན་གསལ་རང་བཞིན་ལྡན་པ་སོགས་འགན་སྲུང་བྱས་ཡོད་པ་རེད།  ། 
  • ལེ་ཚན་སྔོན་མ།: སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་གསེབ་རིག་གནས་ཁང་གི་དོ་དམ་འཐུས་ཚང་དུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།