བདེ་ཆེན་ཁུལ་གཞུང་ལམ་དོ་དམ་སྡེ་ཁག་གིས་གཞུང་ལམ་གྱི་ཁོར་ཡུག་ལེགས་སྒྲིག་བྱས་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-10-11

ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གཞུང་ལམ་དོ་དམ་ཡན་ལག་རུ་ཁག་གིས་ཆེད་དམིགས་ཁོར་ཡུག་ལེགས་སྒྲིག་བྱས་པ་དང་།གཞུང་ལམ་གྱི་ཁོར་ཡུག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་རེད།

སྟག་མཆོང་གྲོག་རོང་གྲོང་རྡལ་དང་མཐུན་སྦྱོར་བྱས་ནས།སྐོར་འཚོང་རྒྱག་པ་དང་ལམ་བཟུང་ནས་འཚོང་རྒྱག་པར་དོ་དམ་ནན་ཏན་བྱས་ཏེ།གཞུང་ལམ་གྱི་ཁོར་ཡུག་ལེགས་སྒྲིག་བྱས།

གཞུང་ལམ་གྱི་ལམ་རྒྱུད་དུ་ལས་གྲྭ་གཙོ་བོ་དང་རྣམ་གྲངས་གཙོ་བོ་མང་ཤོས་ཡོད་པར་དམིགས་ནས།འཛུགས་སྐྲུན་ལས་གྲྭས་སེག་མ་དང་ས་མྱགས་སྐྱེལ་འདྲེན་གྱི་དོ་དམ་ལ་ཤུགས་བསྣན་ཏེ།དོ་དམ་སྔོན་འཇུག་དང་འགག་སྒོ་སྔོན་སྤོ།ཞིབ་འགོག་དང་བསྟུན་པའི་ལས་ཀའི་བསམ་འཆར་དང་བྱ་ཐབས་ལག་བསྟར་བྱས་པ།རང་འགུལ་གྱིས་ཁེ་ལས་དང་བརྗེ་རེས་བྱས་པ།ཁྲིམས་འཛིན་གྲོས་གཞིའི་ཡི་གེ་བཏང་བའི་རྣམ་པ་སྤྱད་དེ།རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་གྱི་ར་བསྐོར་བཀོད་སྒྲིག་དང་།འཛུལ་ས་ཐོན་ས་མཁྲེགས་འགྱུར།རླངས་འཁོར་གྱི་གཙང་སྦྲ་སོགས་ཕྱོགས8ནས་དོ་དམ་བྱེད་པའི་ཚད་ལྡན་གྱི་བླང་བྱ་གསལ་པོ་བཏོན་པ་དང་།ཁེ་ལས་རང་གིས་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ།དཔལ་ཡོན་གཞུང་ལམ་དང་།འཆམ་མཐུན་གཞུང་ལམ་བཟོ་པ་དེ་ལས་ཀ་གཙོ་བོར་བཟུང་ནས།ཁྲིམས་འཛིན་འདུ་ཤེས་མཐོ་རུ་བཏང་བ་དང་།དོ་དམ་བྱ་ཐབས་གསར་སྤེལ་བྱས་པ།དྲིལ་བསྒྲགས་སློབ་གསོ་གཙོ་བོར་བཟུང་ནས།མི་གཤིས་ཅན་དང་།མཛའ་བརྩེ་ཅན།ཞིབ་ཕྲ་ཅན།ཚད་ལྡན་ཅན་གྱི་དོ་དམ་ལག་བསྟར་བྱས་ཏེ།ནན་ཏན་ངང་གཞུང་ལམ་གྱི་ཁོར་ཡུག་ལེགས་སུ་བཏང་བ་རེད།།

  • ལེ་ཚན་སྔོན་མ།:2013ལོའི་སེམས་ཀྱི་ཉི་ཟླའི་རིམ་མཐོའི་རྒྱུག་འགྲན་དེ་ཟླ10པའི་ཚེས1ཉིན་སྤེལ་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་དུད་ཀྱི་སྨན་བཅོས་རོགས་སྐྱོར་ཡ
  • དོ་སྣང་ཆེ་བའི་རྩོམ།