སེམས་ཀྱི་ཉི་ཟླ་རྫོང་གིས་རྡོ་མཁར་རྫོང་གི་བསྐྱར་སྐྲུན་བྱ་བར་བཀོད་སྒྲིག་བྱས་པ།
ཚེ་རིང་རྒྱ་མཚོས་བསྒྱུར། 2014-02-26
ཟླ2པའི་ཚེས21ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རྡོ་མཁར་རྫོང“1·11”མེ་སྐྱོན་ཐེབས་པའི་མཁར་རྫོང་བསྐྱར་སྐྲུན་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས། གྲོས་ཚོགས་ལས་རྡོ་མཁར་རྫོང་གི་བསྐྱར་སྐྲུན་བྱ་བའི་སྤྱིའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན་གཏན་འབེབས་བྱས་པ་དང་། བཀོད་འདོམས་པུའུ་ཡི་མི་སྣ་ལེགས་སྒྲིག་དང་སྲ་བརྟན་དུ་བཏང་སྟེ། བཀོད་འདོམས་པུའུ་མངའ་ཁོངས་ཀྱི་བྱ་བའི་ཚན་ཆུང་བཞིའི་བྱ་བའི་གཙོ་གནད་དང་ལས་འགན་བཀོད་སྒྲིག་བྱས་པ་མ་ཟད། དེང་སྐབས་བསྐྱར་སྐྲུན་བྱ་བའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་དབྱེ་ཞིབ་བྱས། གྲོས་ཚོགས་ལས་རྫོང་ཡོངས་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་། ངོས་ཤེས་ཟབ་མོ་སྤྱད་པ། རྡོག་རྩ་གཅིག་སྒྲིལ་སྒོས་བསྐྱར་སྐྲུན་བྱ་བ་དང་མང་ཚོགས་ལམ་ཕྱོགས་སློབ་གསོ་གཉིས་ཟུང་འབྲེལ་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བྱ་བའི་ཀུན་གྱི་གཙོ་བོ་རུ་བཞག་ནས། ནུས་ཤུགས་ཡོད་ཚད་ཀྱིས་རྡོ་མཁར་རྫོང་གི་བསྐྱར་སྐྲུན་བྱ་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན། །