སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-10-14
སེམས་ཀྱི་ཉི་ཟླ་རྫོང་གིས་“གནས་བབ་བཟང་བའི་ས་ཁོངས་དང་གནས་བབ་བཟང་བའི་ཐོན་ཁུངས།གནས་བབ་བཟང་བའི་ཐོན་ལས།སྔོན་དུ་འཕེལ་རྒྱས་གཏོང་རྒྱུའི་བསམ་ཕྱོགས”ལ་གཞིགས་ནས།གཅིག་གྱུར་གྱིས་སོན་འབྲུ་ལ་ཐུམ་རྒྱག་པ་དང་།གཅིག་གྱུར་གྱིས་ས་ཞིང་རྨོད་རྒྱག་པ་དང་སོན་འབྲུ་འདེབས་པ།གཅིག་གྱུར་གྱིས་ལུད་དང་ཆུ་ལ་དོ་དམ་བྱེད་པ།གཅིག་གྱུར་གྱིས་ལག་རྩལ་གསོ་སྦྱོང་བྱེད་པ།གཅིག་གྱུར་གྱིས་འབུའི་གནོད་སྐྱོན་ལ་འགོག་བཅོས་བྱེད་པ།ཉོ་སྒྲུབ་ཀྱི་གོང་ཚད་དང་སྤུས་ཚད་གཅིག་གྱུར་བྱེད་རྒྱུ་བཅས་ཀྱི་བྱ་ཐབས་བཀོལ་ནས།ནས་འདེབས་འཛུགས་ཐད་ཀྱི་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་བཏང་བ་དང་།སྤུས་ལེགས་སོན་འབྲུའི་འདེབས་འཛུགས་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ།ནས་ཀྱི་ཐོན་མཐོ་གཏོད་པར་སྐུལ་འདེད་བཏང་བ་རེད།དུས་མཚུངས་སུ།ཆེད་གཉེར་རྣམ་གྲངས་ཀྱི་སྐོར་སྐྱོད་སློབ་ཁྲིད་བྱེད་པ་དང་དཔྱད་ཡིག་འགྲེམས་པ།ནག་པང་ཚགས་པར་འདོན་པ།ནས་ཀྱི་འདེབས་འཛུགས་དཔེ་སྟོན་ས་ཚིགས་འཛུགས་པ་སོགས་བྱས་ཏེ།ནས་ཀྱི་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་ཏུ་སྤེལ་ཞིང་།ད་དུང་ནས་ཀྱི་འདེབས་འཛུགས་རྟེན་གཞི་དང་སྤུས་ལེགས་སོན་འབྲུའི་གསོ་སྤེལ་རྟེན་གཞི་བཙུགས་ཏེ།རྟེན་གཞི་ལ་ཆུ་དང་ཞིང་།ལམ་བཅས་ཕྱོགས་བསྡུས་འཛུགས་སྐྲུན་བྱས་པ་དང་།སའི་གཤིན་ཚད་གསོ་སྤེལ་དང་ནད་འབུའི་གནོད་པར་འགོག་བཅོས་བྱས་པས།སོན་བཟང་ནང་འདྲེན་དང་གསོ་སྤེལ།ཁྱབ་དགལ་གཏོང་བ་བཅས་གཞི་གཅིག་ཏུ་གྲུབ་རྒྱུ་དངོས་སུ་གྲུབ་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10