སེམས་ཀྱི་ཉི་ཟླ་རྫོང་གིས་སྤུས་ལེགས་ནས་འདེབས་འཛུགས་བྱས་ཏེ་གྲུབ་འབྲས་ལེགས་པོ་ཐོབ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-05-08

 
སེམས་ཀྱི་ཉི་ཟླ་རྫོང་གིས་སྤུས་ལེགས་ནས་འདེབས་འཛུགས་བྱས་ཏེ་གྲུབ་འབྲས་ལེགས་པོ་ཐོབ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 

ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཅུའུ་ཞིབ་བཤེར་ཚན་ཆུང་གིས་བདེ་ཆེན་ཁུལ་ཞིང་ལས་ཚན་རྩལ་ཁང་གིས་སྤེལ་བའི2012ལོའི་ཞིང་ཆེན་ཏང་སྲིད“གཙོ་འགན་འཁུར་མཁན”གྱི་ཚན་རྩལ་བཟོ་འགོད་དེ “ཡུན་ནན་ཞིང་ཆེན་བདེ་ཆེན་བོད་ཁུལ་གྱི་སྤུས་ལེགས་ནས་འདེབས་འཛུགས་དང་ཐོན་ལས་ཅན་དུ་གཏོང་བའི་དཔེ་སྟོན”རྣམ་གྲངས་ཁྲོད་ཀྱི་ནས་ས་བོན་གསོ་སྐྱོང་དང་སྤུས་ལེགས་འདེབས་འཛུགས་ལག་རྩལ་ཞིབ་འཇུག་སོགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་མཛུབ་སྟོན་དང་བརྟག་དཔྱད་བྱས།

 ཞིབ་བཤེར་ཚན་ཆུང་སེམས་ཀྱི་ཉི་ཟླ་རྫོང་ཧྲང་ཅང་ཤང་དང་ཅིན་ཅང་གྲོང་རྡལ་དུ་སོང་ནས་ཐོན་ཚད་མཐོ་བའི་ནས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་ལ་སོང་ནས་རྣམ་གྲངས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་།  ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་སྙན་ཞུ་ལ་ཉན་པ་སོགས་བརྒྱུད་ནས།  ཞིབ་བཤེར་ཚན་ཆུང་གིས་རྣམ་གྲངས་ལག་བསྟར་བྱས་ཏེ་ཕན་འབྲས་ལེགས་པོ་ཐོབ་ཡོད་ལ།  སྤུས་ལེགས་ནས་འདེབས་འཛུགས་བྱེད་པ་དང་ཐོན་ལས་ཅན་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་དགོན་སྡེ་སྐྲུན་མཁན་གྱི་སྔོན་ཐོན་ཚོགས་པ་དང་མི་ས
  • ལེ་ཚན་རྗེས་མ།:“ལྔ་གཅིག”གུང་གསེང་སྐབས་སུ་བདེ་ཆེན་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི24.55སྣེ་ལེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།