ཀྲུང་གོ་བོད་ཀྱི་དྲ་བ། 2013-05-08
གནས་སྐོར་རྫོགས་ལྡན་དུས་སྐབས་ལ་བསུ་མ་བྱེད་ཆེད། ཉེ་སྔོན་བདེ་ཆེན་ཁུལ་གནས་སྐོར་དང་བཟོ་ཚོང་སོགས་སྡེ་ཁག་མང་པོས་ཞིབ་བཤེར་ཚན་ཆུང་རྩ་འཛུགས་བྱས་ཏེ་ཁུལ་ནང་ཁུལ་གྱི་གནས་སྐོར་ཚོང་ཁང་དང་། གསོལ་ཁང་། མགྲོན་ཁང་། ཡུལ་ལྗོངས་ཁུལ་སོགས་གནས་སྐོར་ལས་རིགས་དང་འབྲེལ་བ་ཡོད་པའི་ལས་ཁུངས་ཀྱི་དངོས་ཟོག་རིན་གོང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། གནས་སྐོར་ལས་རིགས་ཚོང་གཉེར་བྱེད་པའི་ལས་ཁུངས་དག་གིས་དངོས་ཟོག་རིན་གོང་གཏན་འཁེལ་བྱེད་དགོས་པ་དང་། གསོལ་ཁང་གིས་བཀོལ་བཞིན་པའི་ཚལ་ཐོ་དང་མགྲོན་ཁང་གི་ཁང་གླ། ཡུལ་ལྗོངས་ཁུལ་སྒོ་བྱང་གི་རིན་གོང་སོགས་ངེས་པར་ཏུ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10