ཀྲུང་གོ་བོད་ཀྱི་དྲ་བ། 2013-04-23
ཚེས19ཉིན། བདེ་ཆེན་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱ་འགུལ་གཟེངས་བསྟོད་ཚོགས་འདུའི་སྟེང་། བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏིན་ལིང་གིས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་བ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་དགོན་སྡེ་སྐྲུན་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས་ཤིང་། གྲོས་ཚོགས་ལས་ན་ནིང་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱ་འགུལ་ཁྲོད་འཚར་ལོངས་བྱུང་བའི་སྔོན་ཐོན་དགོན་སྡེ་དང་། སྔོན་ཐོན་གྲྭ་བཙུན། སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས། གྲོས་ཚོགས་ལས་འཆམ་མཐུན་དགོན་སྡེ་གསར་སྐྲུན་གྱི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་བཅིངས་ནས། བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་དོ་དམ་བྱེད་པའི་ཡུན་རིང་གི་ལམ་ལུགས་འཚོལ་ཞིབ་གསར་སྐྲུན་བྱེད་པར་འབད་པ་བྱེད་དགོས་པ་དང་། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་སྡེ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་ཕན་ནུས་བེད་སྤྱད་པ་སོགས་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་དགོས་པ་ནན་གྱིས་བསྟན།
ན་ནིང་སྤྱི་ཟླ6པའི་ནང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་བོད་བརྒྱུད་ནང་བསྟན་ཆོས་ལུགས་པའི་སྡེ་ལ“རྒྱལ་ཁབ་དང་དམངས་ལ་ཕན་བདེ་སྐྲུན་ནས། འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་པ”ཞེས་པའིའབོད་སྐུལ་བཏང་ཞིང་། ཞིང་ཆེན་བོད་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་བདེ་ཆེན་ཁུལ་ཏང་ཨུས་དུས་ལྟར་ལག་བསྟར་ཇུས་གཞི་བཟོས་ནས་བདེ་ཆེན་ཁུལ་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ། ལོ་གཅིག་རིང་གི་གསར་སྐྲུན་བྱ་འགུལ་ཁྲོད། བདེ་ཆེན་ཁུལ་གྱིས་རྒྱ་ཆེའི་གྲྭ་བཙུན་ལ་སློབ་སྟོན་བྱེད་པ་དང་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་བསྐྱེད་ནས། ཕྱོགས་ཡོངས་སུ་འཆམ་མཐུན་དགོན་སྡེ་གསར་སྐྲུན་ལ་དོ་དམ་བྱེད་པ་དང་། ནུས་ཤུགས་ཡོད་པའི་སྒོ་ནས་བོད་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10