སེམས་ཀྱི་ཉི་ཟླ་རྫོང་གིས་མུ་མཐུད་དུ་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-04-11

 གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་ཤེས་གསལ་བྱུང་བ་ལྟར་ན།  ད་ལོར།  རྫོང་འདིས་མུ་མཐུད་དུ་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  སོལ་རླངས་རྫིང་བུ1300དང་།  ཐབ་ཁང800།  ཉི་ནུས་སྨི་གྲུ་བཞི་མ1700བཅས་འཛུགས་སྐྲུན་བྱས་པ་བརྒྱུད།  ཞིང་སྡེའི་ནུས་ཁུངས་གསར་བ་འཛུགས་སྐྲུན་བྱས་པ་ལས་ཞིང་བའི་དུད་ཁྱིམ་མང་པོ་ལ་ཕན་བདེ་སྐྲུན་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན།  ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་བྱེད་པ་ནི་སེམས་ཀྱི་ཉི་ཟླ་རྫོང་གི“སྐྱེ་ཁམས་རྫོང་མཁར་འཛུགས་སྐྲུན་བྱེད་པའི”གཞི་རྩ་ཡིན་པ་དང་།  རྫོང་འདིས་ཏང་ཨུ་སྲིད་གཞུང་གིས་ཞིང་སྡེའི་ནུས་ཁུངས་བྱ་བར་མཐོང་ཆེན་བྱས་པ་དང་རྒྱབ་སྐྱོར་ཆེན་པོ་བྱས་ནས།  སོལ་རླངས་རྫིང་བུ་འཛུགས་སྐྲུན་གོ་རིམ་ཁྲོད་ཀྱི་རྒྱུ་སྤུས་ལ་ཤུགས་སྣོན་པ་དང་། གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ།  ཚན་རིག་ལྟར་ཨར་ལས་བྱེད་པ་སོགས་སོལ་རླངས་རྫིང་བུ་བདེ་བླག་ངང་བཀོལ་སྤྱོད་བྱེད་པ་དང་བདེ་བླག་ངང་སོལ་རླངས་ཐོན་སྐྱེད་བྱེད་པར་ཁག་ཐེག་བྱས།  ཞིང་པས་སོལ་རླངས་བདེ་བླག་ངང་བཀོལ་སྤྱོད་བྱེད་ཆེད།  ད་དུང་ཞིང་སྡེའི་རིམ་པའི་ཞབས་ཞུ་ས་ཚིགས་དང་ཞབས་ཞུ་རུ་ཁག་བཙུགས་ཏེ།  དུས་ལྟར་ཞིང་པས་སོལ་རླངས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་གནས་པའི་གནད་དོན་ཐག་གཅོད་བྱེད་པ་དང་དོགས་གཞིར་ལན་འདེབས་པ།  སོལ་རླངས་ཐབ་ལ་མཁོ་བའི་ལྷུ་ལག་ཆེ་ཆུང་ཚང་མ་ཞབས་ཞུ་ས་ཚིགས་ནས་ཉོ་ཐུབ།  ཞིང་སྡེའི་ཞབས་ཞུ་རུ་ཁག་འཛུགས་སྐྲུན་བྱས་པས།  སོལ་རླངས་རྫིང་བུ་བདེ་བླག་ངང་བཀོལ་སྤྱོད་བྱེད་པ་དང་སོལ་རླངས་ཀྱི་བཀོལ་སྤྱོད་བྱེད་ཚད་མཐོར་འདེགས་སུ་བཏང་།   ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་དཔྱིད་དུས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ལ་ཤུགས་སྣོན་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་འཆམ་མཐུན་དགོན་སྡེ་སྐྲུན་མཁན་གྱི་སྔོན་ཐོན་ཚོགས་པ་དང་མི་ས
  • དོ་སྣང་ཆེ་བའི་རྩོམ།