སེམས་ཀྱི་ཉི་ཟླ་རྫོང་གིས་དཔྱིད་དུས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ལ་ཤུགས་སྣོན་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-04-11

དཔྱིད་ཚིགས་པ་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས།  ནན་ཏན་སྒོས་དཔྱིད་དུས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱ་བ་བསྒྲུབས།

 སེམས་ཀྱི་ཉི་ཟླ་རྫོང་གིས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱེད་པར་བཀོད་སྒྲིག་བྱས་པ་མ་ཟད།  སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱ་བ་ནི་ལོ་འདིའི་དམིགས་འབེན་དོ་དམ་ལས་འགན་དུ་བཞག་པ་དང་།  རྫོང་སྲིད་གཞུང་དང་ཤང་དང་གྲོང་རྡལ་སྲིད་གཞུང་།  རྫོང་ཕྱུགས་ལས་ཅུའུ་བཅས་ཤང་དང་གྲོང་རྡལ་སོ་སོའི་ཕྱུགས་ལས་ཅུའུ་སོགས་ཀྱིས་དམིགས་འབེན་ལས་འགན་གན་རྒྱ་བཞག་པ་དང་རང་རང་གི་འགན་འཁྲི་གཏན་འཁེལ་བྱས། 

དྲིལ་བསྒྲགས་ཐད་ལ་ཤུགས་བསྣན་ཏེ《སྲོག་ཆགས་ནད་ཡམས་སྔོན་འགོག་བཅའ་ཁྲིམས》སོགས་ཁྲིམས་ལུགས་དྲིལ་བསྒྲགས་རྒྱ་ཆེར་སྤེལ་ནས། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་འབྱུང་བར་མཛུབ་སྟོན་བྱས་པ་མ་ཟད།  སྲོག་ཆགས་དང་དེའི་ཐོན་རྫས་ལ་ནད་ཡམས་ཡོད་མེད་ཞིབ་བཤེར་བྱས་པ་དང་།  ནད་ཡམས་སྔོན་འགོག་ཕྱོགས་ཀྱི་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ་རེད།

སྤྱི་ཟླ3པ་ནས་བཟུང་།  སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུའུ་ཡིས་ཕྱུགས་ལས་སྨན་པའི་ལག་རྩལ་མི་སྣ་མངགས་ཏེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ11ལ་ཟབ་ཞུགས་བྱས་ཏེ།  ནད་ཡམས་སྔོན་འགོག་མི་སྣ་དང་མཉམ་དུ་སྡེ་བ་སོ་སོར་སོང་ནས་ནན་ཏན་སྒོས་དཔྱིད་ཀའི་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་།  ཤང་དང་གྲོང་རྡལ་སོ་སོའི་ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱིས་ནད་ཡམས་སྔོན་འགོག་བྱ་བའི་ཁྲོད་གནས་བའི་དཀའ་ཁག་དང་གནད་དོན་ལ་རོགས་འདེགས་བྱས་པས།  དཔྱིད་དུས་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བདེ་བླག་ངང་སྤེལ་བར་སྐུལ་འདེད་བྱས།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླའི་རིག་གནས་སྐོར་སྐྱོད་འགྲེམ་སྟོན་སྐབས་བཞི་པ་ཁོན་མིན་རྩིས་བཟོ་སློབ་ཆེན་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་མུ་མཐུད་དུ་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ།
  • དོ་སྣང་ཆེ་བའི་རྩོམ།