བདེ་ཆེན་ཁུལ་གྱི་སྐྱེ་དངོས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། “རྨང་གཞི་འཛུགས་པ་དང་། ཁེ་ལས་གཙོ་གནད་གསོ་སྐྱོང་བྱེད་པ། ཚན་རྩལ་དར་སྤེལ་བྱེད་པ།  མིང་རྟགས་གསར་སྐྲུན་བྱེད་པའི ”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ།  སྐྱེ་དངོས་ཐོན་ཁུངས་གསར་སྤེལ་བྱེད་པར་ཤུགས་སྣོན་པ་དང་།  སྐོམ་ཆུ་དང་སྨན་རྫས།  ཟས་རིགས།  སྐྱེ་དངོས་རྫས་འགྱུར་སོགས་གཙོ་གནད་ཡིན་པའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་སྐོར་ཞིག་གསར་སྐྲུན་བྱས་པས།  ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་གསར་བ་ཞིག་གསར་སྤེལ་བྱས།  ན་ནིང་སྐྱེ་ཁམས་ཐོན་ལས་ཐད་སྔོན་དཔག་ལྟར་ན་སྤྱིའི་ཐོན་ཚད་སྒོར་ཁྲི282964.6ཟིན་པ་དང་།  ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི26472.96ཡར་འཕར། 

ན་ནིང་།  བདེ་ཆེན་ཁུལ་གྱིས་སྐྱེ་དངོས་ཐོན་ལས་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པ་དང་།  སྐྱེ་ཁམས་ཐོན་ལས་ཀྱི་འཕེལ་རྒྱས་བྱེད་ཕྱོགས་བཅོས་བསྒྱུར་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ།  རྣམ་གྲངས་ཡར་ཞུ་བྱེད་པའི་བྱ་བ་ལེགས་པོ་སྒྲུབ་པའི་དུས་མཚུངས་སུ།  ནུས་ཤུགས་ཡོད་ཚད་སྤྱད་དེ་ཐོན་ལས་མགྱོགས་མྱུང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  ཡུན་ནན་ཞིང་ཆེན་སྐྱེ་དངོས་གཞུང་སྒྲུབ་ཁང་གིས་བླང་བྱ་ལྟར།  ཀུང་ཟི6རྩ་འཛུགས་བྱས་ཏེ་སེམས་ཀྱི་ཉི་ཟླ་རྫོང་དང་འབའ་ལུང་རྫོང་གི་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་མུའུ3000ཅན་གྱི་ཁ་ཧྥེ་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་ལེགས་འགྲུབ་བྱུང་བས།  བདེ་ཆེན་ཁུལ་གྱི་མཐོ་སྒང་རོང་འབྲོག་པ་མང་ཚོགས་ལ་འབྱུར་ཕྱུག་གི་བགྲོད་ལམ་གསར་བ་ཞིག་བཏོད།  བསྡོམས་རྩིས་བྱས་པ་ལྟར་ན།  ལོ་ཡོངས་སུ་སྐྱེ་དངོས་ཐོན་ལས་ཚོང་འགུག་དངུལ་འདྲེན་ཐད་ཀྱི་མ་དངུལ་སྒོར་ཁྲི6085དངོས་འབེབས་བྱས་པ་དང་།  ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི2885ཡར་འཕར།  གཞན་ད་དུང་བདེ་ཆེན་ཁུལ་གྱིས་རྣམ་གྲངས་ཡར་ཞུ་བྱེད་པའི་བྱ་བ་ལེགས་པོ་སྒྲུབ་ཤིང་།  ཞིང་ཆེན་རིམ་པའི་ནོར་སྲིད་ཕྱོགས་ཀྱི་སྐྱེ་དངོས་ཐོན་ལས་རོགས་སྐྱོར་རྣམ་གྲངས5དང་མ་དངུལ་སྒོར་ཁྲི255དངོས་འབེབས་བྱས་པ་དང་།  ཁོན་མིན་གྲོང་ཁྱེར་དང་བདེ་ཆེན་ཁུལ་བར་གྱི་མཛའ་མཐུན་མཉམ་ལས་སྟེགས་བུ་ལ་བརྟེན་ནས།  ཁོན་མིན་གྲོང་ཁྱེར་ཞིང་ལས་ཅུའུ་ལ་རྣམ་གྲངས1ཡར་ཞུ་བྱས་པ་དང་མ་དངུལ་སྒོར་ཁྲི20དངོས་འབེབས་བྱས།  ། 
  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ལྡོག་རྩ་གཅིག་སྒྲིལ་གྱིས་ཐན་སྐྱོན་སེལ་བར་འབད་པ་བྱས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་སྐད་གཉིས་སློབ་གསོ་སྤེལ་ནས་གྲུབ་འབྲས་མང་པོ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།