སེམས་ཀྱི་ཉི་ཟླ་རྫོང་གིས་ལྡོག་རྩ་གཅིག་སྒྲིལ་གྱིས་ཐན་སྐྱོན་སེལ་བར་འབད་པ་བྱས།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ན་ནིང་དགུན་ཁ་ནས་ད་ལོའི་དཔྱིད་ཀའི་བར་དུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཁོངས་སུ་བསྟུད་མར་ཐན་པ་བྱུང་ཞིང་།  རྫོང་ཡོངས་ཀྱི་དཔྱིད་ཀའི་ལོ་ཏོག་ལ་གནོད་འཚེ་ཆེན་པོ་ཐེབས།  སྡེ་བ་མང་ཆེ་ཤོས་ནས་མི་ཕྱུགས་འཐུང་ཆུ་ལ་དཀའ་ཁག་བྱུང་བ་དང་།  ཞིང་ནང་དུ་ཆུ་གཏོར་བར་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར། རྫོང་ཆུ་ལོག་དང་ཐན་འགོག་གཞུང་སྒྲུབ་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན།  མིག་སྔའི་བར་དུ།  རྫོང་ཡོངས་ཀྱི་ས་ཞིང་མུའུ41639དང་རྩྭ་ར་མུའུ་ཁྲི79བཅས་ལ་ཐན་པ་བྱུང་ཡོད་ལ།  མི་གྲངས13421དང་ཕྱུགས་ཟོག40300ལ་ཚད་རིམ་མི་གཅིག་པའི་འཐུང་ཆུའི་དཀའ་ཁག་བྱུང་། ཐན་པ་ཚབས་ཆེན་ཡིན་པར་དམིགས་ཏེ།  སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་དག་ཐན་འགོག་བྱེད་པའི་གཡུལ་ས་དང་པོ་རུ་སོང་ནས་ཐན་པ་བྱུང་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་།  ཐན་འགོག་རྒུད་སྐྱོབ་བྱེད་པར་མཛུབ་སྟོན་བྱས་པ་མ་ཟད།  ལས་བྱེད་མང་ཚོགས་རྣམས་ལྡོག་རྩ་གཅིག་ཏུ་སྒྲིལ་ནས་ཐན་འགོག་རྒུད་སྐྱོབ་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་སྐུལ་མ་བཏང་། 

མང་ཚོགས་དཀའ་ཁལ་ལས་ཐར་ནས།  ཐན་སྐྱོན་ལས་ཞིང་ལས་དང་ནགས་ལས་ཐད་ནས་ཐོབ་པའི་གྱོང་གུན་ཇེ་ཉུང་དུ་གཏོང་ཆེད།  སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཔྱིད་ཀའི་ལོ་ཏོག་གི་ཐོན་ཚད་འགན་སྲུང་བྱེད་པར་ཤུགས་སྣོན་པ་དང་།  ཆུ་ཁུངས་ལྡན་པའི་ས་ཁུལ་ཏུ་སྐྱེ་དངོས་གྱོང་གུན་ཇེ་ཉུང་དུ་གཏོང་བར་འབད་པ་བྱས།   ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་སློབ་གསོ་བཅོས་བསྒྱུར་གཞུང་སྒྲུབ་ཁང་གིས་གཅིག་བསྡུས་སྒོས་སློབ་གྲྭ་སྒྲུབ་པར་བརྟག་དཔྱད་ཞིབ་འ
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་སྐྱེ་དངོས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།