བདེ་ཆེན་ཁུལ་སློབ་གསོ་བཅོས་བསྒྱུར་གཞུང་སྒྲུབ་ཁང་གིས་གཅིག་བསྡུས་སྒོས་སློབ་གྲྭ་སྒྲུབ་པར་བརྟག་དཔྱད་ཞིབ་འཇུག་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-20

 སྤྱི་ཟླ3པའི་ཚེས12ཉིན་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་བཅོས་བསྒྱུར་གཞུང་སྒྲུབ་ཁང་ཁུལ་ཡོངས་ཀྱི་ཐད་གཏོགས་སློབ་གྲྭ་དང་བྱིས་གཉོར་ཁང་བཅས་ལ་སོང་ནས་བརྟག་དཔྱད་ཞིབ་འཇུག་རབ་དང་རིམ་པ་སྤེལ།

ཐེངས་འདིའི་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཡུལ་དངོས་སུ་ལྟ་ཞིབ་དང་བྱ་བའི་སྙན་ཞུ་ལ་ཉན་པ། ཡིག་ཆ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད།  ཚེས12ཉིན་གྱི་སྔ་དྲོར།  བརྟག་དཔྱད་ཞིབ་འཇུག་ཚན་ཆུང་བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་དུ་སོང་ནས་སློབ་ར་དང་སློབ་ཁྲིད་ཐོག་ཁང་།  དཔེ་མཛོད་ཁང་། ལུས་རྩལ་ར་བ་སོགས་ལ་ལྟ་ཞིབ་བྱས།  གཙོ་བོ་སློབ་གྲྭའི་ནང་ཕྱོགས་ཀྱི་དོ་དམ་ལ་རྒྱུས་ལོན་དང་།  སློབ་གྲྭའི་ལོ་རྒྱུས་ལ་ཉན་པ།  སློབ་གྲྭ་སྒྲུབ་པའི་གཞི་ཁྱོན།  འཕེལ་རྒྱས་ཀྱི་གནས་བབ་བཅས་སློབ་ཁྲིད་སྒྲིག་ཆས་ཀྱི་བཀོད་སྤྱོད་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་པ་མ་ཟད།  སློབ་གྲྭའི་འགོ་ཁྲིད་དང་རྐང་འཛིན་དགེ་རྒན་རྣམས་དང་བཞུགས་མོལ་བྱས། 

བཞུགས་མོལ་ཚོགས་འདུ་ལས་ཁུལ་སློབ་གསོ་བཅོས་བསྒྱུར་གཞུང་སྒྲུབ་ཁང་གིས་བདེ་ཆེན་ཁུལ་གྱིས་སློབ་གསོ་ཐད་བླངས་བའི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཞིང་།  དེང་སྐབས་ནི་བདེ་ཆེན་ཁུལ་གྱི་སློབ་གསོ་འཕེལ་རྒྱས་བྱེད་པའི་རྫོགས་ལྡན་དུས་སྐབས་ཞིག་ཡིན་ལ།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སློབ་གསོ་བྱ་གཞག་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད།  མ་དངུལ་འབོར་ཆེན་བཏང་སྟེ་སློབ་གྲྭས་སློབ་གསོ་བྱ་གཞག་ལེགས་པར་སྒྲུབ་པར་མཐུན་རྐྱེན་སྐྲུན།  གཅིག་བསྡུས་སྒོས་སློབ་གྲྭ་སྒྲུབ་པར་དཀའ་ཁག་གསར་བ་འབྱུང་ངེས་ལ།  འོན་ཀྱང་ཚང་མས་འབད་པ་བྱས་པ་བརྒྱུད།  དཀའ་ཁག་ཐམས་ཅད་རིམ་གྱིས་ཐག་གཅོད་བྱེད་ཐུབ།  ང་ཚོའི་བདེ་ཆེན་ཁུལ་གྱི་སློབ་གསོ་ཉིན་རེ་ཡར་ཐོན་ཡོང་བར་ཡིད་ཆེས་ཡོད་ཟེར། ཚོགས་ཞུགས་མི་སྣས་སློབ་གྲྭ་སྒྲུབ་པའི་འགྲོ་གྲོན་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན།  སློབ་གྲྭའི་བདེ་འཇགས་དོ་དམ་སོགས་བྱ་བའི་ཉམས་མྱོང་ཐད་ནས་བསམ་བའཆར་བརྗེ་རེས་བྱས།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བའི་གྲོས་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ལྡོག་རྩ་གཅིག་སྒྲིལ་གྱིས་ཐན་སྐྱོན་སེལ་བར་འབད་པ་བྱས།
  • དོ་སྣང་ཆེ་བའི་རྩོམ།