ཀྲུང་གོ་བོད་ཀྱི་དྲ་བ། 2013-03-20
བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཡོན་མིན་གྱིས་ཚོགས་ཐོག་ནས་ད་ལོའི་བྱ་བའི་གཙོ་གནད་ཐད་བླང་བྱ་གསར་བ་བཏོན།
ལུའུ་ཡོན་མིན་གྱིས་ན་ནིང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བར་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་ཀྱི་རྣམ་པ་གསར་བ་དབྱེ་ཞིབ་བྱས་པ་བརྒྱུད། ད་ལོའི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ལུའུ་ཡོན་མིན་གྱིས་ཁུལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་བར་གཙོ་བོ་ཕྱོགས་བདུན་ནས་དོ་སྣང་བྱེད་དགོས་བླང་བྱ་བཏོན། གཅིག་ནི་རིགས་གཞུང་སློབ་སྦྱོང་ལ་ཤུགས་བསྣན་ནས། ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། གཉིས་ནི་བླངས་ཕྱོགས་མཛུབ་ཁྲིད་བྱ་བ་དམ་འཛིན་བྱས་ཏེ། ཁུལ་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་གྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་པར་འབད་བརྩོན་བྱེད་དགོས་པ་དང་། གསུམ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཁར་གྲོང་གི་དཔལ་ཡོན་རྣམ་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པ་དང་། བཞི་ནི་རིག་གནས་འཕེལ་རྒྱས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ནན་ཏན་སྒོས《རིག་གནས་ཀྱིས་ཁུལ་དར་སྤེལ་བྱེད་པའི་འགུལ་སྐྱོད་རྩ་གནད》ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ལྔ་ནི་ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་བདེ་ཆེན་ཁུལ་གྱི་མིང་རྟགས་མཐོར་འདེགས་སུ་གཏོང་དགོས་པ་དང་། དྲུག་ནི་ས་གནས་གྱི་དོ་དམ་ལ་ཤུགས་བསྣན་ནས། རིག་གནས་བདེ་འཇགས་དང་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་དང་། བདུན་ནི་བྱ་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱ་སྤྱོད་བཟང་བསྒྱུར་དང་སློབ་བརྩོན་ལེགས་སྤུས། རྩོམ་གཤིས་ལེགས་བསྒྱུར་བྱེད་པར་སྔོན་གྲས་སུ་འགྲོ་དགོས་པ་བཅས་སོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10